| e-texts navigator |
| Wylie |
452a1 #པོ་སྐྱོབ་པ་མཆོག། སངས་རྒྱས་དཔའ་བོ་བདུན་པོ་དག། གྲགས་ལྡན་རྣམས་ཀྱི་སོ་སོར་ཐར།། འདི་ནི་རབ་ཏུ་རྒྱས་པར་བཏོན།། འདི་ལ་སངས
452a2 རྒྱས་རྣམས་དང་གང་།། སངས་རྒྱས་ཉན་ཐོས་རྣམས་ཀྱང་གུས།། འདི་ལ་གུས་པར་བཅས་འགྱུར་བས།། འདུས་མ་བྱས་པ་ཐོབ་པར་གྱིས།། བརྩམ་པར་བྱ་ཞིང་འབྱུང
452a3 བར་བྱ།། སངས་རྒྱས་བསྟན་ལ་འཇུག་པར་བྱ།། འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན།། འཆི་བདག་སྡེ་ནི་གཞོམ་པར་བྱ།། གང་ཞིག་རབ་ཏུ་བག་ཡོད་པར།།
452a4 ཆོས་འདུལ་འདི་ལ་སྨོད་འགྱུར་བ།། སྐྱེ་བའི་འཁོར་བ་རབ་སྤངས་ནས།། སྡུག་བསྔལ་ཐ་མར་བྱེད་པར་འགྱུར།། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ
452a5 སོ་སོར་ཐར་པ་དང་བཅས་པ་རྫོགས་སོ།། ཁ་ཆེའི་མཁན་པོ་སརྦ་ཛྙེ་དེ་བ་དང་། དྷརྨ་ཀ་ར་དང་། རྒྱ་གར་གྱི་མཁན་པོ་བིདྱ་ཀ་ར་པྲ་བྷ
452a6 དང་ལོ་ཙ་བ་བན་དྷེ་དཔལ་གྱི་ལྷུན་པོས་བསྒྱུར།། རྒྱ་གར་གྱི་མཁན་པོ་བིདྱ་ཀ་ར་པྲ་བྷ་དང་ཞུ་ཆེན་གྱི་ལོ་ཙ་བ་བན་དྷེ་དཔལ་བརྩེགས་ཀྱིས
452a7 ཞུས་ཏེ་གཏན་ལ་ཕབ་པའོ།།
451b -