| | e-texts navigator
|
449b1 དག་འོངས་ནས་བཤད་པར་མི་བྱའོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནད་པ་ལ་བཤད་པར་བྱའོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ལག་མ་ཁར་བ
449b2 ཐོགས་པ་འོང་ནས་བཤད་པར་མི་བྱའོ་ཞེས་བྱ་བ་ནས། ཡང་ནད་པ་འམ་རྒས་པ་འཁར་བ་མེད་པར་འཚོ་བར་མི་རུས་པ་ཞིག་ཡིན་ན་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
449b3 དེ་དག་ལ་ཆོས་བཤད་པར་བྱའོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ལག་ན་རལ་གྲི་ཐོགས་པ་འོངས་ཞེས་བྱ་བ་ནས། བཤད་པར་བྱའོ་ཞེས་བྱ་བའི་བར་གོང་མ་ཇི་ལྟ་བ་བཞིན
449b4 དུའོ།། དེ་བཞིན་དུ་གོ་ཆ་སྣ་ལྔ་གྱོན་པ་དག་འོངས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ན་བར་ལག་ན་མཚོན་ཆ་ཐོགས་པ་ལ་ཆོས་བཤད་པར་མི་བྱ
449b5 སྟེ། ལག་ན་གདུགས་ཐོགས་པ་ལ་མ་ཡིན་པ་དང་། ལག་ན་འཁར་བ་ཐོགས་པ་ལ་མ་ཡིན་པ་དང་། ལག་ན་རལ་གྲི་ཐོགས་པ་ལ་མ་ཡིན་པ་དང་། འགྲན་དགྲ་ཆ་ཐོགས་པ་ལ་མ་ཡིན་པ་དང
449b6 མིན་བར་གོ་ཆ་སྣ་ལྔ་གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་འགྲེང་སྟེ་བཤང་གཅི་བྱེད་པ་དང་ཞེས་བྱ་བ།
449b7 ནས། མི་བྱའོ་ཞེས་བྱ་བའི་བར་རོ།། ནད་པར་གྱུར་ཏེའི་དུག་མི་ནུས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནང་པ་ཡིན་ན་རྗེས་སུ་གནང་ངོ་།། དེ་ནས་རྣམ
iiif viewer powered by OpenSeadragon
449a - 450a