| | e-texts navigator
|
439a1 འདས་ཀྱིས་བཀའ་སྩལ་པ། ལུས་བསྒྱུར་ཞིང་ཁྱིམ་གྱི་ནང་དུ་འཇུག་པར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་ནོར་ཅན་དང་ཚོང་།
439a2 དཔོན་དག་འདི་ལྟར་འདོང་ངོ་ཞེས་ཁྱིམ་གྱི་ནང་དུ་ལག་པ་དཀྱོགས་ཀ་བྱེད་ཅིང་འགྲོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲོ་བར་མི་བྱའོ་ཞེས་བྱ་བའི་བར་རོ།།
439a3 དེ་ནས་བཅུ་གཉིས་སྡེ་དག་སྲོག་ཆགས་རྩངས་པ་དགའདི་ལྟར་འགྲོའོ་ཞེས་ཁྱིམ་གྱི་ནང་དུ་མགོ་བསྒྱུར་ཞིང་འགྲོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དེ་ལྟར
439a4 འགྲོ་བར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་གཡོན་ཅན་དག་འདི་ལྟར་འདོང་ངོ་ཞེས་ཁྱིམ་གྱི་ནང་དུ་ལག་པ་སྦྲེལ་ཏེ་འགྲོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས
439a5 བཀའ་སྩལ་པ། འགྲོ་བར་མི་བྱའོ་ཞེས་བྱ་བའི་བར་རོ།། བཅུ་གཉིས་སྡེ་དག་འདོད་ཆགས་ཀྱི་ཆགས་པར་གྱུར་བཞིན་དུ་ཁྱིམ་གཞིན་དུ་འགྲོ་ཞེས་བྱ་བ་ནས་བཅོམ་ལྡན
439a6 འདས་ཀྱིས་བཀའ་སྩལ་པ། འགྲོ་བར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་ཤེད་མཐུན་དག་འདི་ལྟར་འདོང་ངོ་ཞེས་ཁྱིམ་གྱི་ནང་དུ་ཕྲག་པ་སྤད་ཅིང་འགྲོ་ཞེས
439a7 བྱ་བ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལུས་མི་བསྒྱུར་བ་དང་། ལག་པ་མི་དཀྱོག་པ་དང་། མགོ་མི་བསྒྱུར་བ་དང་། ལག་པ་མི་སྤེལ་བ་དང་། ཆགས་པར་གྱུར་པ་དང་།།
iiif viewer powered by OpenSeadragon
438b - 439b