| | e-texts navigator
|
436b1 ཧ་ཅང་རྩེངས་པར་གྱོན་པ་དང་། དེ་དག་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཁྱེད་ཅག་ཅིའི་ཕྱིར་ཤམ་ཐབས་ཧ་ཅང་རྩེངས་པར་གྱོན། དེ་དག་གིས་འདི་སྐད་ཅེས། ཁོ་མོ་ཅག་ཁྱིམ་པ་ན
436b2 འདི་ལྟར་གོམས་སོ་ཞེས་སྦས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་གོས་དང་ཤམ་ཐབས་ཧ་ཅང་རྩེངས་པར་དགོ་བར་མི་བྱའོ།། དེ་བཞིན་དུ་ཤམ
436b3 ཐབས་ཧ་ཅང་འཇོལ་བར་ཡང་དགོ་བར་མི་བྱའོ་ཞེས། དེ་ལྟར་བསླབ་པའི་གཞི་བཅུའ་བ་མཛད་པ་དང་། དེ་དག་ཤམ་ཐབས་གྱོན་པར་ཀློ་དག་ཏུ་ལྟེབས་པར་བྱེད་ནས།
436b4 དེ་དག་ལ་དགེ་སློང་མ་རྣམས་ཀྱིས་སྦས་པ། ཁྱེད་ཅག་ཅིའི་ཕྱིར་ཤམ་ཐབས་གྱོན་པ་ན་གློ་དག་ཏུ་ལྟེབས་པར་བྱེད། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཁྱིམ་པ་མོ་དག་འདི་ལྟར་གྱོན་ནོ།། དེ་དག
436b5 དགེ་སློང་མ་རྣམས་ཀྱིས་གཅི་ཁྱེད་ཅག་ཁྱིམ་པ་མོ་ཡིན་ནམ་ཞེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤམ
436b6 ཐབས་ཧ་ཅང་རྩེངས་པ་མ་ཡིན་པ་དང་། ཧ་ཅང་འཇོལ་བ་མ་ཡིན་པ་དང་། ཤ་མ་ཐབས་དང་ཆོས་གོས་ཟླུམ་པོར་བགོ་བར་བསླབ་པར་བྱའོ།། ། གླེང་གཞི་ནི་མཉན
436b7 ཡོད་ནའོ།། དེ་ནས་བཅུ་གཉིས་སྡེ་དག་ཆོས་གོས་གླང་པོ་ཆེའི་སྣ་ལྟར་གྱོན་པ་དང་། དེ་དག་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཕུ་ནུ་མོ་དག་ཁྱེད་ཅིའི་ཕྱིར་ཆོས་གོས་གླང་པོ་ཆེའི་སྣ་ལྟར་གྱོན། དེ་དག་གིས
iiif viewer powered by OpenSeadragon
436a - 437a