| | e-texts navigator
|
420b1 པ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་བཞིན་དུ་གཞོན་ནུ་མ་ལ་ཡང་རྒྱས་པར་བརྗོད་པར་བྱ་སྟེ་ཞེས་བྱུང་ནུས། བསྒྲུབ་པ་བཅའ་བའི་བར་དུ་མཛད་དེ།
420b2 ཡང་དགེ་སློང་མགང་རང་ལ་གཞོན་ནུ་མ་མཉེན་སུ་འཇུག་ན་ལྟུང་བྱེད་དོ།། ཡུང་གང་ཞེས་བྱ་བ་ནི་སྡོམ་དགའ་མོའོ།། གཞོན་ནུ་མ་ཞེས་བྱ་བ་ནི་དགེ་ཚུལ་སྣའོ།།
420b3 རང་ལ་མཉེད་དུ་འཇུག་ན་ཞེས་བྱ་བ་ནི་ལུས་མཉེད་དུ་འཇུག་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ
420b4 ཅུང་ཟད་རང་ལ་དགེ་ཚུལ་མ་མཉེད་དུ་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་ལྔ་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སོ།། །། སྡོམ་ན
420b5 ཁྱིམ་པ་མོ་ཡང་མཉེར་མི་གཞུག། ཀུན་ཏུ་རྒྱུ་མོའང་དེ་བཞིན་ནོ།། དྲི་དང་ཏིལ་གྱི་ཚོགས་མ་དང་།། གནིག་པའི་རྫས་ཀྱིས་འཕྱི་བའོ།། གླེང་གཞི་ནི་མཉན་ཡོད་ནའོ།
420b6 དེ་ནས་སྦོམ་དགའ་མོས་བསམས་པ་བཅོམ་ལྡན་འདས་ཀྱིས་གཞོན་ནུ་མའི་བར་གྱིས་མཉེད་དུ་གཞུག་པ་བཀག་གིས། མ་ལ་བདག་གིས་ཁྱིམ་པ་མོ་མཉེད་དུ་གཞུག་གོ་སྙམ་ནས། དེས
420b7 ཁྱིམ་པ་མོ་མཉེད་དུ་བཅུག་པ་དང་ཞེས་བྱ་བ་ནས། སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས
iiif viewer powered by OpenSeadragon
420a - 421a