e-texts navigator
Collection
Volume
Page
Wylie

41a1 བུ་མོ་སྦྱིན་པར་མི་ནུས་སོ།། འོན་ཀྱང་ཚུར་ཤོག། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོའི་དྲུང་ངུ་འདོང་ངོ་།། དེ་གཉིས་འཕགས་སྐྱེས་པོའི་དྲུང་དུ་དོངས་བྱིན་ནས། དོན་དེ་ཉིད་དེས།
41a2 སྦས་སོ།། དེ་བཞིན་དུ་རྒྱལ་པོ་ཆེན་པོ་མིག་མི་བཟང་དང་། རྣམ་ཐོས་ཀྱི་བུའི་དྲུང་དུ་སོང་སྟེ་ཕྱིན་ནས་སྨྲས་ན།། དེ་དག་གིས་ཀྱང་རང་གི་ལས་ཀྱིས་བུ་དང་། བུ་མོ་དག་འབྱུང་གི། འདི་ཡང་བདག་ཅག
41a3 ལ་ནི་དབང་མེད་དོ་ཞེས་སྨྲས་སོ།། དེ་ནས་རྒྱལ་པོ་ཆེན་པོ་དེ་བཞི་ལྷའི་དབང་པོ་བརྒྱ་བྱིན་གྱི་དྲུང་དུ་དོང་སྟེ་སྦས་པ། ཀོའུ་ཤི་ཀ་བདག་ཅག་གི་འཁོར་དུ་གཏོགས་པ་ཞིག་རང་གི་གནས་ནས་བསླད་པར
41a4 འགྱུར་གྱིས། གྲོང་ཁྱེར་ཤིང་ནྱ་གྲོ་དྷ་ཅན་དེར། བྲམ་ཟེ་ཤིང་སཱལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷ་ས་བུ་རྙེད་པར་འགྱུར་བར་སྤྲོ་བ་བསྐྱེད་དུ་གསོལ། བརྒྱ་བྱིན་གྱིས་སྦས་པ། ཉེ་དབང་དག་རང་གི་ལས་ཀྱིས་བུ
41a5 དང་བུ་མོ་དག་འབྱུང་གི། བདག་གིས་ནི་སུ་ལ་ཡང་བུ་འམ་བུ་མོ་སྦྱིན་པར་མི་ནུས་སོ།། དེ་ནས་ལྷའི་འཁོར་དེར་སྣང་བ་རྒྱ་ཆེན་པོ་ཞིག་བྱུང་བ་དང་། དེ་མཐོང་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས།
41a6 རྒྱལ་པོ་ཆེན་པོ་བཞི་ལ། ཉེ་དབང་དག་ཁྱེད་འདི་ནས་མ་དོང་ཞིག། ཇི་ལྟར་སྣང་བ་རྒྱ་ཆེན་པོ་འདི་ལས་གོར་མ་ཆགས་པར་འཁོར་འདིར་ཚངས་པ་ཆེན་པོ་འབྱུང་བར་འགྱུར་རོ་ཞེས་བསྒོ་བ་དང་།།
41a7 དེ་དག་འཁོད་དོ།། འཁོར་དེར་ཡང་ཚངས་པ་ཆེན་པོ་དར་ལ་བབ་པ། གཞོན་པ། གཞོན་ནུ་མ་གཙུག་པུད་ལྔ་པ་བྱུང་ནས། དེ་ལྷའི་དབང་པོ་བརྒྱ་བྱིན་གྱི་པང་དུ་འདུག་གོ།། དེས་བསྒྲུབ་པ




iiif viewer powered by OpenSeadragon

40b - 41b

Texts on this page

Ty008-002 - dge slong ma'i 'dul ba rnam par 'byed pa