| | e-texts navigator
|
419b1 འཚོང་མ་ཞེས་བྱ་བ་ནི་ཀུན་གྱིས་སྤྱད་པར་བྱ་བའོ།། རབ་ཏུ་འབྱིན་ན་ཞེས་བྱ་བ་ནི་ཆོས་འདུལ་བ་འདི་ལའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི
419b2 ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་བུད་མེད་སྨད་འཚོང་མ་རབ་ཏུ་འབྱིན་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ་ཡུལ་གཞན་དུ་བཀར་ནུས་རབ་ཏུ་འབྱིན་ནི་ལྟུང་བ
419b3 མེད་དོ།། ལྟུང་བྱེད་ཉི་ཤུ་ལྔ་པའི་གཉིས་པ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་རང་ལ་དགེ་སློང་མ་དག་མཉེད་དུ་བཅུག་པ
419b4 དང་དེ་ལ་དགེ་སློང་མ་དག་གིས་སྦས་པ། དུར་ཁྲོད་བསྟེན་པ་འདི་མཉེས་ཏེ་ཅི་ཞིག་བྱ། དེས་འདི་སྐད་ཅེས་པགས་པའི་མདོག་འདི་འཚེར་ཞིང་གསལ་བར་བྱས་དང་། བརྒྱན་པ
419b5 དང་ནལ་ཟུག་རྣམས་ཀྱིས་སྙིང་འགས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་སྦས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས
419b6 དེ་ཤེས་ནས་བློ་པར་དུ་ཛ། ང་ཡོང་བ་ཀྱང་རངས་སློང་མ་དག་རྙེན་དུ་རྫུ་བྱུང
419b7 མངག་ཤེས་བྱ་བ་ནི་སྡེ་མ་དགའ་མོའི།། དགེ་སློང་མ་ཞེས་བྱ་བ་ནི་ཆོས་འདི་པའོ།། རང་ལ་མཉེད་དུ་འཇུག་ན་ཞེས་བྱ་བ་ན་ལུས་མཉིད་དུ་འཇུག་ནའོ།།
iiif viewer powered by OpenSeadragon
419a - 420a