| | e-texts navigator
|
418b1 ལ་ས་ས་ས་ད་ས་ས་སྨྲ
418b2 ཀྱང་མ་མཐོང་ཡང་ཐ། གྲོལ་མག་ཀྱང་མ་སོས་སུ་ཟད་མོད་ཅེས་སྨྲས་ནས་སོང་ངོ་།། དེ་ལ་དགེ་སློང་མ་རྣམས་ཀྱིས་སྦས་པ། འཕགས་མཚོའི་ཕྱིར་ཁྱོད་དེ་ལྟར་བྱེད།། དེས་འདི་སྐ་ཀྱིས་སྨྲ
418b3 སོ།། ཁོ་མོས་དམ་པ་དང་ལྷོད་པ་ཤེས་མོད་ཀྱི། རིག་པ་ཙམ་རང་གིར་བྱའོ།། དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས། གང་གི་ཕྱིར་གནས་སྐབས་དེར་ཡང་ཁྱོད་འདོད་ཆགས་ཀྱིས་བློ་སྐྱེས
418b4 ནད་ཁྱོད་ཤིང་སྐ་མ་ཇི་ལྟ་བ་བཞིན་དུ་འདོད་ཆགས་ཀྱིས་རབ་ཏུ་མི་འབར་བ་ངོ་མཚར་ཆེའོ་ཞེས་སྦས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་ཏོ།། ནས
418b5 བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དབུ་པར་ཕོ་ལ་མིག་བྱུང་བ་སྐྱེས་པ་ཡང་དང་ཡང་དུ
418b6 འཆིང་ཞིང་འགྲོལ་དུ་འཇུག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་གཙུག་དགའ་མོའོ།། དཔུང་པར་པོལ་མིག་བྱུང་བ་ཞེས་བྱ་བ་ནི་རྨ་ཞིག་གོ།། ཡང་དང་ཡང་དུ་ཞེས་བྱ་བ་ནི
418b7 ལན་དུ་མར་རོ།། སྐྱེས་པས་འཆིང་ཞིང་འགྲོལ་དུ་འཇུག་ན་ཞེས་བྱ་བ་ནི་ཁྱིམ་པས་སོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན།། དགེ།
iiif viewer powered by OpenSeadragon
418a - 419a