| | e-texts navigator
|
409b1 དགེ་སློང་མ་རྣམས་ལ་སྡིག་པ་རྗེས་སུ་གནང་ངོ་།། དེ་ནས་བཙུན་མོ་འཕྲེང་ལྡན་མས། ནང་མི་ལ་བསྒོ་བ་དང་། དྲི་དག་གིས་གོས་སྣ་ཚོགས་ཀྱི་སྦོམ་དག་མདུན་དུ་བཞག་གོ། དེ་ནས་བཙུན་མོ་འདྲེ།
409b2 ལྡན་མས་སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་མ་གོས་འདི་དགེ་སློང་མའི་ཚོགས་ཐམས་ཅད་ལ་སྨེ་གབ་ཏུ་བྲིམས་ཤིག། དེ་ནས་སྦོམ་དགའ་མོས་གོས་དེ་དག་ཐམས་ཅད་རང་གི
409b3 བྱས་པ་དང་། དགེ་སློང་མ་གཞན་ཞིག་བཙུན་མོ་འཕྲེང་ལྡན་མ་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཙུན་མོ་འཕྲེང་ལྡན་མ་ལ་འདི་སྐད་ཅེས་སྨྲས་སོ།། བཙུན་མོ་བདག་ལ་ཡང་སྨེ་གབ་སྩོལ
409b4 ཅིག་དེ་ནས་བཙུན་མོ་འཕྲེང་ལྡན་མས། དགེ་སློང་མ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་མ་བདག་གིས་དགེ་སློང་མའི་ཚོགས་ཐམས་ཅད་ཀྱི་སྡིག་པ་སྦོམ་དགའ་མོའི་ལག་ཏུ
409b5 གཏང་ལགས་སོ།། ཇི་ཙམ་ན་སྦོམ་དགའ་མོ་ལ་བསྲུངས་པ་ལས་མཁྱེན་པ་དང་། དོན་རུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདུས་ལ་གསོལ་ཏོ།། དང།
409b6 བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་སྨེ་གབ་ཅན་གྱི་ཚོགས་ཀྱི་སྡེ་གང་གང་ཟག
409b7 རང་གིར་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། སྲེག་པ་ཅན་ཞེས་བྱ་བ་ནི་བུད་མེད་ན་པའོ།། ཚོགས་ཀྱི་སྲེ་གབ་ཅེས་བྱ་བ་ནི་དགེ་སློང་མ
iiif viewer powered by OpenSeadragon
409a - 410a