| | e-texts navigator
|
409a1 དྲིས་ཤིག། སྲིང་མོ་ལ་དྲིས་ཤིག། བུ་མོ་ལ་དྲིས་ཤིག་ཅེས་སྨྲས་པ་ན། དེ་དག་བདག་ཅག་གིས་ཁྱིམ་ཐམས་ཅད་ཀྱང་བཅོག་པར་འགྱུར་རོ་ཞེས་བྱར་ཀ་གཏོང་བར་བྱེད།
409a2 ཁ་ཟེར་བར་བྱེད། སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་ཀ་བསླབ་པ་བཅ
409a3 བའི་བར་དུ་མཛད་དེ། ཡང་དགེ་སློང་མ་སྨེ་གཔ་མི་འཆང་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། སྲེ་གབ་ཅེས་བྱ་བ་ནི་བུད་མེད་ཀྱི་མི
409a4 བདེ་བ་དགའ་བའོ།། མི་འཆང་ན་ཞེས་བྱ་བ་ནི་རང་གིར་མི་བྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན་པ་དགེ་སློང་མས་ཇི་ཙམ
409a5 ཅུང་ཟད་སྨེ་གབ་མི་འཆང་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་གཉིས་པའི་དང་པོ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་འཕྲེང
409a6 ལྡན་མས། བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་སྨེ་གང་རྗེས་སུ་གནང་ངོ་ཞེས་ཐོས་ནས་དེ་འདི་སྙམ་དུ། ཀྱེ་མའོ་བདག་གིས་དགེ་སློང་མའི་དགེ་འདུན་ཐམས་ཅད་ལ་སྨེ་ག་བ་དབུལ་ལོ
409a7 སྙམ་དུ་བསམས་སོ།། དེ་ནས་སྦོམ་དགའ་མོ་བཙུན་མོ་འཕྲེང་ལྡན་མ་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཙུན་མོ་འཕྲེང་ལྡན་མ་ལ་འདི་སྐད་ཅེས་སྨྲས་སོ།། བཙུན་མོ་བཅོམ་ལྡན་འདས་ཀྱིས
iiif viewer powered by OpenSeadragon
408b - 409b