| | e-texts navigator
|
3b1 བཟང་ཤིན་ཏུ་རྙེད་པར་དཀའ།། འཇིག་རྟེན་སངས་རྒྱས་འབྱུང་བ་དང་།། མིདང་རབ་ཏུ་བྱུང་བ་དང་།། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་།། ཚོགས་བཟང་རྙེད་དཀའ་རྙེད་གྱུར།
3b2 ནས། མཁས་པ་བདག་ལ་ལེགས་འདོད་ཅིང་།། དེ་དག་འབྲས་བཅས་བྱེད་འདོད་པས།། སྡོམ་བརྩོན་རྣམས་ཀྱིས་སོ་སོར་ཐར།། མཉན་པའི་ཕྱིར་ནི་འབད་པར་བྱ།། དགེ་སློང་དབང
3b3 འདུལ་ཀུན་དབང་པོ།། སངས་རྒྱས་མི་འགྱུར་རབ་བྱུང་བ།། ངེས་པར་ཐར་པ་འདོད་རྣམས་ཀྱིས།། སོ་སོར་ཐར་པ་རྟག་ཏུ་སྲུངས།། བསྐལ་པ་བྱེ་བ་རྣམས་སུ་ཡང་།། སོ་སོར་ཐར་པ་ཐོས
3b4 པ་དང་།། གཟུང་དང་འཛིན་པ་རྙེད་དཀའ་ཞིང་།། སྒྲུབ་པའང་ཤིན་ཏུ་རྙེད་པར་དཀའ།། སངས་རྒྱས་རྣམས་ནི་འབྱུང་བ་བདེ།། ཆོས་བསྟན་པ་ཡང་བདེ་བ་ཡིན།། དགེ་འདུན་མཐུན་པ
3b5 བདེ་བ་སྟེ།། མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ།། འཕགས་པ་རྣམས་ནི་མཐོང་བ་བདེ།། དམ་པ་དག་དུང་འགྲོགས་པ་བདེ།། བྱིས་པ་རྣམས་ནི་མ་མཐོང་ན།། རྟག་ཏུ་བདེ་བ་ཉིད་དུ
3b6 འགྱུར།། ཚུལ་ཁྲིམས་ལྡན་པ་མཐོང་བ་བདེ།། མང་དུ་ཐོས་པ་མཐོང་བ་བདེ།། ཡང་སྲིད་རྣམ་པར་གྲོལ་བ་ཡི།། དགྲ་བཅོམ་པ་དག་མཐོང་བ་བདེ།། འཇུག་ངོགས་བདེ་བའི་ཆུདུ
3b7 བདེ།། ཆོས་ལ་གོམས་པའི་སྐྱེ་བོ་བདེ།། ཤེས་རབ་ཐོབ་པར་གྱུར་པ་བདེ།། འབོ་ང་རྒྱལ་ཟད་པ་བདེ།། ངེས་པར་བྱས་ཤིང་དབང་པོ་ཐུལ་བ་དག། དགོན་པ་ཞི་པ་རྣམས་སུ་རྒས
iiif viewer powered by OpenSeadragon
3a - 4a