| | e-texts navigator
|
3a1 #ཡིན། འདི་ནི་ལང་ཚོ་རྣམ་འཁྲུལ་བའི།། རྐང་གཉིས་གཞོན་ནུའི་ལྕགས་ཀྱུ་ཡིན།། མཚོ་བས་ཟབ་པའི་འཁོར
3a2 བ་ལས།། སྒྲོལ་བའི་རྒལ་ཐབས་འདི་ཡིན་ཏེ། འདི་ནི་བཟང་འགྲོར་འགྲོ་བ་ཡི།། ངེས་པའི་ཆུ་ལོན་དམ་པ་ཡིན།། འདི་ནི་ཉོན་མོངས་པམ།
3a3 བྱེད་ལམ།། རྒྱལ་པོ་ཡི་ནི་འདྲེན་པ་མཆོག། འདི་ནི་ཐར་པའི་གྲོང་འཇུག་པའི།། ཐེམ་སྐས་བཞི་དང་འདྲ་བར་གནས།། ང་ནི་མྱ་ངན
3a4 འདས་གྱུར་ན།། འདི་ནི་ཁྱེད་ཀྱི་སྟོན་པའོ་ཞེས།། རང་བྱུང་ཉིད་ཀྱིས་གུས་བསྡུས་པས།། ནན་ཏན་དགེ་སློང་ཚོགས་མདུན་བསྟོད།།
3a5 སངས་རྒྱས་ཞེས་བྱའི་སྒྲ་འདི་ཡང་།། འཇིག་རྟེན་དག་ནི་རབ་ཏུ་དཀོན།། མི་ཉིད་རྙེད་པ་ཤིན་ཏུ་དཀོན།། རབ་ཏུ་འབྱུང་བ་ཤིན་ཏུ་དཀོན།།
3a6 དེ་བཞིན་རབ་ཏུ་བྱུང་རྣམས་ཀྱིས།། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དཀོན།། ཚུལ་ཁྲིམས་ཡོངས་སུ་དག་གྱུར་ཀྱང་།། གྲོགས
iiif viewer powered by OpenSeadragon
2b - 3b