e-texts navigator
Collection
Volume
Page
Wylie

39b1 འོན་ཀྱང་གནས་དྲུག་པོ་དག་མངོན་དུ་གྱུར་པ་ལས་བུ་དང་བུ་མོ་དག་སྐྱེ་བར་འགྱུར་ཏེ།། དྲུག་པོ་གང་དག་ཅེན། ཕ་མ་གཉིས་ཀྱིས་བླ་རྙེད་པར་འགྱུར་བའི་ལས་དག་བྱས་ཤིང་བསགས་པ་དག།
39b2 ཡིན། བུས་ཀྱང་བ་དང་མ་རྙེད་པར་འགྱུར་བའི་ལས་དག་བྱས་ཤིང་བསགས་པ་ཡིན། མ་ཡང་རུང་ཞིང་ཟླ་མཚན་དང་ལྡན་པ་ཡིན། ཕ་མ་གཉིས་ཆགས་པར་གྱུར་ཅིང་ངུས་པ་ཡིན
39b3 དྲི་ཟ་ཡང་ཉེ་བར་གནས་པ་ཡིན།། དྲི་ཟས་ཀྱང་སེམས་གཉིས་པོ་རྗེས་སུ་ཆགས་པ་དང་ལྡན་པ་འམ། ཁོང་ཁྲོ་བ་དང་ལྡན་པ་གང་ཡང་རུང་བའི་སེམས་རབ་ཏུ་ཐོབ་པ་སྟེ། གནས་དྲུག
39b4 པོ་འདི་དག་མངོན་དུ་གྱུར་པ་ལས། བུ་དང་བུ་མོ་དག་སྐྱེ་བ་ཡིན་ནོ།། དེ་དེ་ལྟར་ལྷ་བརྒྱ་སྟོང་ལ་གསོལ་བ་འདེབས་པ་ལྷུར་ལེན་ཅིང་འདུག་པ་ལས། བུ་ཡང་མེད།། བུ་མོ་ཡང
39b5 མེད་ནས། དེ་སྟེང་གི་ཁང་བཟངས་ཀྱི་སྟེང་དུ་སོང་སྟེ་ལག་པ་ལ་འགྲམ་པ་གཏད་ནས། བདག་གི་ཁྱིམ་གྱི་འབྱོར་པ་རྒྱ་ཆེན་པོ་འདི་ལྟ་བུ་ནི་བུ་མེད་པའི་ཕྱིར་བླར་བ་ཞེས་པར་འོང་།།
39b6 ངོ་ཞེས་སེམས་ཁོངས་སུ་ཆུད་ཅིང་འདུག་གོ།། དེ་ནས་དེའི་དྲུང་དུ་ཉེ་དུ་རྣམས་ལྷགས་ཏེ། འདི་སྐད་ཅེས་སྨྲས་སོ།། ནྱ་གྲོ་དྷ་ཁྱོད་ཅིའི་ཕྱིར་ཡིད་མི་བདེ་ཞིང་འདུག། དེས་སྐབས་དེསཉེ
39b7 དུ་རྣམས་ལ་རྒྱ་ཆེར་སྨྲས་པ་དང་། དེ་དག་གིས་འདི་སྐད་ཅེས་སྦས་སོ།། ལྷ་རྣམས་དང་འཇུག་ངོགས་དག་ལ་སྟོན་ཅིག། དེས་འདི་སྐད་ཅེས་སྨྲས་སོ།། སྔར་ལྷ་འམ། འཇུག་ངོགས་གང་།




iiif viewer powered by OpenSeadragon

39a - 40a

Texts on this page

Ty008-002 - dge slong ma'i 'dul ba rnam par 'byed pa