| | e-texts navigator
|
393a1 འདི་སྐད་ཅེས། ཀྱི་ཧུད་བུ། ཀྱི་ཧུད་བུ་མོ།། རེ་ཞིག་རྨི་ལམ་ཙམ་དུ་ཡང་སྟོན་ཅིག་རྗེས་སྨྲས་ཤིང་སྨྲེ་སྔགས་འདོན་ལ། ཟང་རྡུང་ཞིང་ཆོ་ངེས་འདེབས་སོ།། དེ་ནས།
393a2 སྐྱེ་དགུའི་བདག་མོ་ཆེན་མོས་སྒྲ་དེ་ཐོས་ནས། འདི་སྐད་ཅེས་སྨྲས་སོ།། མྱ་ངན་གྱིས་ནོན་པ་པའི་བུད་མེད་འདི་སུས་རབ་ཏུ་ཕྱུང་། དེ་དག་གིས་འདི་སྐད་ཅེས་སྦོམ་དགའ་མོས་སོ་ཞེས་སྨྲས་པ
393a3 སྦྲེངས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་ད།
393a4 སློང་མ་གང་ཤེས་བཞིན་དུ་བུད་མེད་མྱ་ངན་གྱིས་གདུངས་པ་རབ་ཏུ་འཕྲིན་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི། སྐྱོམ་དགའ་མོའོ།། ཤེས་བཞིན་དུ་ཞེས་བྱ་བན
393a5 རང་ཉིད་ཀྱིས་སམ་གཞན་གྱིས་སྨྲས་པར་གྱུར་པའོ།། མྱ་ངན་གྱིས་གདུངས་པ་ཞེས་བྱ་བ་ནི། སྡུག་པ་ཉེ་དུ་དང་རང་གི་སྐྱེ་བོ་དང་བྲལ་བའོ།། རབ་ཏུ་འབྱིན་ནི་ཞེས་བྱ་བ་ནི། ཆོས་འདུལ་བ
393a6 འདི་ལའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཤེས་བཞིན་དུ་བུད་མེད་མྱ་ངན་གྱིས་གདུང
393a7 པ་རབ་ཏུ་འབྱིན་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅུ་བདུན་པའི་བཞི་པ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་དགེ་སློང་མ་རྣམས
iiif viewer powered by OpenSeadragon
392b - 393b