| | e-texts navigator
|
392a1 ཅེས་སྨྲས་སོ།། ལོ་མོས་སྤྱོད་རབ་ཏུ་དབྱུང་ངོ་ཞེས། དེས་དེ་རབ་ཏུ་བྱུང་ང་སྦྱིན་པར་རྫོགས་པར་བྱས་སོ།། དེ་ནུས་སྦོམ་དགའ་མོ་དུས་གཞན་ཞིག་ན་དགེ་སློང
392a2 རྣམས་དང་ལྷན་ཅིག་འཐབ་མོ་བྱུང་བ་ནུ། དེའི་གྲོགས་མོ་དེ་ཡང་སེམས་ལས་བསྐུས་ཏེ་ཙང་མྱི་སྨྲའོ།། དེ་ནས་སྦོམ་དགའ་མོས།། དགེ་སློང་མ་དེ་ལ་འདི་སྐད་ཅེས་སྨྲས་སོ།། འོ་མོ
392a3 ཁྱོད་དོན་འདིའི་ཕྱིར་རབ་ཏུ་ཕྱུང་བསྙེན་པར་རྫོགས་པར་བྱས་ན། ད་ལྟར་ཁྱོད་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་པ་བཞིན་དུ་འདུག་གམ། ཁྱོད་ཁྲོ་མོ་འཐབ་མོ་བྱུང་བའི་གྲོགས
392a4 གྱིས་ཤིག། དེས་འདི་སྐད་ཅེས་སྨྲས་སོ།། བདག་གིས་ཁྱིམ་པ་མོ་དེ་དག་གི་ཁ་ན་མཐོ་བ་ནི་ཤེས་ཀྱིས། བདག་གིས་དགེ་སློང་མ་འདི་དག་གིས་ལན་མ་ཐོ་བ་ནི་མི་ཤེས་སོ།། སྡོམ་དགའ་མོས་འདི
392a5 སྐད་ཅེས་སྨྲས་སོ།། ཁོ་མོས་ཁྱོད་ལ་དེ་དག་གི་མཚང་བསྟན་གྱིས། རེ་ཞིག་སྐྱེ་དགུའི་བདག་མོ་ཆེན་མོ་འདི་ནི་རང་ཞུགས་ཡིན་ནོ།། ཨུཏྤ་ལའི་མདོག་འདི་ནི་གྲོང་ཁྱེར་ཆེན་པོ་དྲུག་དག་ཏུ་སྨད་འཚོ
392a6 བྱས་པ་ཡིན་ནོ།། ཀོའུ་ཏ་མི་སྐེམ་མོ་འདི་ནི་བུའི་ཤ་ཟོས་པ་དང་། དུར་དུ་བཅུག་པ་དང་། སེམས་ཁྲུགས་པ་ཡིན་ནོ།། དེ་ནས་དུས་གཞན་ཞིག་ན་དགེ་སློང་མ་དང་འཐབ་མོ་བྱུང་བ་ན། དགེ་སློང་མ
392a7 ཤིན་ཏུ་གཏུམ་མོ་དེས། དགེ་སློང་མ་རྣམས་ལ་ཁ་ན་མ་ཐོ་བ་རབ་ཏུ་བསྒྲགས་པས་སྤྱོ་བར་བརྩམས་སོ།། དེ་ནས་སྐྱེ་དགུའི་འདག་མོ་ཆེར་མོས། དགེ་སློང་མ་ཤིན་ཏུ་གཏུམ་མོ་དེ་མཐོང་ནས་འདི་སྐད
iiif viewer powered by OpenSeadragon
391b - 392b