e-texts navigator
Collection
Volume
Page
Wylie

38b1 འཕགས་པ་རྣམས་ནི་མཐོང་བ་བདེ།། དམ་པ་རྣམས་དང་འགྲོགས་པ་བདེ། བྱིས་པ་རྣམས་ནི་མ་མཐོང་ན།། རྟག་ཏུ་བདེ་བ་ཉིད་དུ་འགྱུར།། འཇུག་དོགས་བདེ་བའི་ཆུ་ཀླུང་བདེ།། ཆོས་ལ།
38b2 གོམས་པའི་སྡེ་བོ་བདེ།། ཤེས་རབ་ཐོབ་པར་གྱུར་པ་བདེ།། ངའོ་ང་རྒྱལ་ཟད་པ་བདེ།། འཇིག་རྟེན་དགེ་སྦྱོང་འཛིན་པ་བདེ།། དེ་བཞིན་བྲམ་ཟེ་འཛིན་པ་བདེ།། འཇིག་རྟེན་ན་ནི་འཕར
38b3 འཛིན་བདེ།། དེ་བཞིན་མར་འཛིན་ཉིད་ཀྱང་བདེ།། ངེས་པར་བྱས་ཤིང་དབང་སོ་ཐུལ་པ་དག། དགོན་པ་ཞི་བ་རྣམས་སུ་རྒས་གྱུར་དང་།། མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ།
38b4 ལང་ཚེ་ཡོལ་བ་རྣམས་ཀྱི་གནས་པ་བདེ། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པ་ན། གྲོང་ཁྱེར་ཤིང་ནྱ་ཟོ་དྷ་ཅན་ན། བྲམ་ཟེ་ཤིང་སཱལ་ཆེན་པོ
38b5 བུནྡྷ་གྲོ་དྷ་ཞེས་བྱ་བ་བྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་གཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱིས་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱིས་བུའི་ནོར་དང་འཇན
38b6 བ་ཞིག་གནས་སོ།། དེ་ལ་བྲན་གྲོང་བཅུ་དྲུག་དང་། ལས་ཀྱི་མཐའ་པའི་གྲོང་སུམ་ཅུ་དང་། སྐྱེད་སྦྱར་བའི་གྲོང་དྲུག་ཅུ་དང་རྨོན་པ་དོར་དགུ་བརྒྱ་དགུ་བཅུ་རྩ་དགུ་དང་། གསེར་བྱེ་བ།
38b7 དྲུག་ཅུ་དང་། གང་དག་གིས་རྒྱལ་པོ་པདྨ་ཆེན་པོ་ཐུབ་པའི་གསེར་གྱི་ནས་སྦྱང་བརྒྱད་བཅུ་ཡོད་དོ།། དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད།། དགའ།




iiif viewer powered by OpenSeadragon

38a - 39a

Texts on this page

Ty008-002 - dge slong ma'i 'dul ba rnam par 'byed pa