e-texts navigator
Collection
Volume
Page
Wylie

389b1 པར་བགྱིད་པ་མ་ལགས་སམའདི་ལ་ཁྱེད་དང་བདག་ཅག་ཁྱད་པར་ནི་ནི་མཆིས། བསམ་པ་ནི་ཅི་མཆིས། ཐ་དད་དུ་བགྱི་བ་ནི་ཅི་མཆིས་ཞེས་སྨྲ་བའི་སྐབས་དེ། བཅོམ་ལྡན་འདས་ལ
389b2 གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། གཞོན་ནུ་མ་ལོ་ཉི་ཤུ་ལོན་ར་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་གི་བསླབ
389b3 པའི་སྡོམ་པ་བྱིན་ཅིག། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་གཞོན་ནུ་མ་ལོ་ཉི་ཤུ་ལོན་མ། ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་བྱིན་ཅིག་ཅེས
389b4 གསུངས་པ། སྐྱེ་དགུའི་བདགུ་མོ་ཆེན་མོ་གོའུ་ཏ་མིས་ཐོས་ནས། བཅོམ་ལྡན་འདས་གྲན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱིས་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ།།
389b5 ཕྱོགས་གཅིག་ཏུ་འདུག་གོ།། ཕྱོགས་གཅིག་ཏུ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་སྐྱེ་དགུའི་བདག་མོ་ཆེན་མོ་གོའུ་ཏ་མི་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར
389b6 མཛད་ཅེས་བྱ་བ་ནས། ཅང་མི་གསུང་ངོ་ཞེས་བྱ་བའི་བར་རོ།། དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གོའུ་ཏ་མིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བའི་རྗེས་ཆད་པར་རིག་ནས། སྟན
389b7 ལངས་ཏེ་བླ་གོས་ཁྲག་པ་གཅིག་ཏུ་བགོས་ནསབཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས




iiif viewer powered by OpenSeadragon

389a - 390a

Texts on this page

Ty008-002 - dge slong ma'i 'dul ba rnam par 'byed pa