| | e-texts navigator
|
387b1 ཟད་བུད་མེད་སྦྲུམ་མ་རབ་ཏུ་འབྱིན་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅུ་དྲུག་པའི་གསུམ་པ་རྫོགས་སོ།། །། གླེང་གཞི་ནི་མཉན་ཡོད།
387b2 ནའོ།། དེ་ནས་སྡོམ་དགའ་མོས་རབ་ཏུ་ཕྱུང་ནས་སློབ་པར་མི་བྱེད་པ་དང་དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ་ཁྱོད་ཀྱིས་འཁོར་དུ་བཞག་ནས་ཅིའི་ཕྱིར་མི
387b3 བསླབ། དེས་སྨྲས་ལ། འདི་ཉིད་དུ་སླེའི་གྲང་གལ་ཏེ་མི་སློབ་ན་འདི་ཉིད་དུ་སློབ་གྲང་ཞེས་ཟེར་བའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན
387b4 འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་རབ་ཏུ་ཕྱུང་ནས་མི་སློབ་ན་ལྟུང་བྱེད་དོ།།
387b5 ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། རབ་ཏུ་ཕྱུང་ནས་ཞེས་བྱ་བ་ནི་ཆོས་འདུལ་བ་འདི་ལའོ།། མི་སློབ་ན་ཞེས་བྱ་བ་ནི་དགེ་སློང་མའི་བསླབ་པ་ལའོ།། ལྟུང་བྱེད
387b6 དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་དྲ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་རབ་ཏུ་ཕྱུང་ནས་མི་སློབ་ན་ལྟུང་བྱེད་དོ།། ལྟུང་བྱེད་བཅུ་དྲུག་པའི
387b7 བཞི་པ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་རབ་ཏུ་ཕྱུང་ནས་གདམས་ངག་མི་འབོགས། མི་སྟོན།། པན་མི་འདོགས་པ་ནི།། དོན་ཅུང
iiif viewer powered by OpenSeadragon
387a - 388a