| | e-texts navigator
|
37b1 སངས་རྒྱས་དཔའ་བོ་བདུན་པོ་དག། ཐགས་ལྡན་རྣམས་ཀྱི་སོ་སོར་ཐར།། འདི་ནི་རབ་ཏུ་རྒྱས་པར་བཏོན།། འདི་ལ་སངས་རྒྱས་རྣམས་དང་གང་།། སངས་རྒྱས་ཉན་ཐོས་རྣམས་ཅད་གུས།།
37b2 འདི་ལ་གུས་དང་བཅས་གྱུར་པས།། འདུས་མ་བྱས་པ་ཐོབ་པར་གྱིས།། བརྩམ་པར་བྱ་ཞིང་འབྱུང་བར་བྱ།། སངས་རྒྱས་བསྟན་ལ་འཇུག་པར་བྱ།། འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན།།
37b3 འཆི་བདག་སྡེ་ནི་གཞོམ་པར་བྱ།། གང་ཞིག་རབ་ཏུ་བག་ཡོད་པར།། ཆོས་འདུལ་འདི་ལ་སྤྱོད་འགྱུར་བ།། སྐྱེ་བའི་འཁོར་བ་རབ་སྤངས་ནུས།། སྡུག་བསྔལ་ཐ་མར་བྱེད་པར་འགྱུར།། @
37b4 ཚུན་ཚུལ་ཁྲིམས་བསྲུང་བ་དང་།། བསྟན་པ་འཕེལ་བར་བྱ་བའི་ཕྱིར།། སོ་སོར་ཐར་པ་འདི་བཏོན་པས།། དགེ་འདུན་གྱིས་ནི་གསོ་སྦྱོང་བྱས།། གང་གིས་ཕྱིར་ནི་མདོ་གཏོན་དང་།།
37b5 གང་ཕྱིར་གསོ་སྦྱོང་བྱས་གྱུར་པས།། ཚུལ་ཁྲིམས་དེ་ནི་བསྲུངས་བྱ་སྟེ།། གཡག་རྔའི་རྩེ་མོ་ཇི་བཞིན་ནོ།། སོ་སོར་ཐར་པ་བཏོན་པ་ཡི།། བསོད་ནམས་གྲུབ་པ་གང་ཡོད་པ།། དེས་ནི་འཇིག
37b6 རྟེན་མ་ལུས་པ།། ཐུབ་དབང་གོ་འཕང་ཐོབ་པར་ཤོག། དགེ་སློང་མའི་སོ་སོར་ཐར་པའི་མདོ་རྫོགས་སོ།། །། དབང་ཕྱུག་དམ་པའི་མངའ་བདག། དཔལ་ལྷ
37b7 བཙན་པོའི་བཀའ་ལུང་གིས། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱིས་ལོ་ཙ་བཙོག་རོ་ཀླུའི་རྒྱལ
iiif viewer powered by OpenSeadragon
37a - 38a