e-texts navigator
Collection
Volume
Page
Wylie

37a1 གནོད་པར།། ཁུ་བ་གཞི་ངས་ནས་འཕུར་བསྐུར།། དེ་བཞིན་རྔུབ་པ་གྲོང་དུ་རྒྱུ།། བདག་གི་རིགས་དང་མི་རིགས་ལ།། བརྟག་པར་བྱ་སྟེ་གཞན་རྣམས་ཀྱི།། མི་མཆུ།
37a2 པ་དང་གཞན་རྣམས་ཀྱི།། བྱས་དང་མ་བྱས་རྣམས་ལ་མིན།། ལྷག་པའི་སེམས་ལ་བག་བྱ་སྟེ།། ཐུབ་པའི་ཐུབ་གཞི་རྣམས་ལ་བསླབ།། ཉེར་ཞི་རྟག་ཏུ་དྲན་ལྡན་པའི།། སྐྱོབ་པ་མྱ་ངན
37a3 མེད་པ་ཡིན།། སྦྱིན་པས་བསོད་ནམས་རབ་ཏུ་འཕེལ།། ལེགས་བསྡམས་དགྲ་སོགས་མི་འགྱུར་རོ།། དགེ་དང་ལྡན་པས་སྡིག་པ་སྤོང་།། ཉོན་མོངས་ཟད་པས་མྱ་ངན་འདའ།། སྡིག་པ་རྔམས་།
37a4 ཅད་མི་བྱ་སྟེ།། དགེ་བ་ཕུན་སུམ་ཚོགས་པར་སྤྱད།། རང་གི་སེམས་ནི་ཡོངས་སུ་གདུལ།། འདི་ནི་སངས་རྒྱས་བསྟན་པ་ཡིན།། ལུས་ཀྱི་སྡོམ་པ་ལེགས་པ་སྟེ།། ངག་གི་སྡོམས་པ་ལེགས།
37a5 པ་ཡིན།། ཡིད་ཀྱི་སྡོམ་པའང་ལེགས་པ་ཡིན།། ཐམས་ཅད་དུ་ནི་སྡོམས་ལེགས།། ཀུན་ཏུ་བསྡམས་པའི་དགེ་སློང་ནི།། སྡུག་བསྔལ་ཀུན་ལས་རབ་ཏུ་འགྲོལ།། ངག་རྣམས་བསྲུང་ཞིང་ཡིད
37a6 ཀྱིས་རབ་བསྡམས་ཏེ།། ལུས་ཀྱིས་མི་དགེ་བ་དག་མི་བྱེད་ཅིང་།། ལས་ལམ་གསུམ་པོ་འདི་དག་རང་སྦྱངས་ན།། དྲང་སྲོང་གསུངས་པའི་ལམ་ནི་ཐོབ་པར་འགྱུར།། སངས་རྒྱས་རྣམ་གཟིགས
37a7 གཙུག་ཏོར་ཐམས་ཅད་སྐྱོབ།། འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུངས་དང་།། ཤཱཀྱ་ཐུབ་པ་གོརུ་ཏམ་ལྷ་ཡི་ལྷ།། མི་འདུལ་ཁ་ལོ་སྐུར་བ་བླ་ན་མེད།། འཇིག་རྟེན་མགོན་པོ་སྐྱོབ་པ་མཆོག




iiif viewer powered by OpenSeadragon

36b - 37b

Texts on this page

Ty008-001 - dge slong ma'i so sor thar ba'i mdo