| | e-texts navigator
|
366a1 ། དང་། དེས་འདི་སྐད་ཅེས་སྨྲས་སོ།། བགས་མ་ཁྱོད་ནི་རབ་ཏུ་བྱུང་བ་ལགས་ལ། བདག་ཀྱང་ཁྱིམ་པའི་ནང་ན་དགེ་བསྙེན་ལགས་ཏྭེ། གལ་ཏེ་ག་ཞིག་གིས་ཤེས་།
366a2 བྱུངས་ཀྱིས་གསུ་པར་འགྱུར་རོ།། དེས་འདི་སྐད་ཅེས་སྨྲས་སོ།། ཁྱོད་ཇི་སྙམ་དུ་སེམས། དུང་དང་རྔ་པ་ཊྚ་ཏྱ་འབུད་ཅིང་འོང་དགོས་སམ། དེ་ལྔ་མོད་ཀྱི་དབྱང་ཁང་གི་གནས་ལུང་དུ་ཤོག་ཙས།
366a3 ཇི་ཙམ་ན་སྐྱེས་པ་དེ་གནས་ཁང་དུ་འོངས་སོ།། དེ་ནས་སྡོམ་དགའ་མོས་སྐྱེས་པ་དེ་སྐྱབས་ཡོད་པར་ཁྲི་སང་དུ་འདུག་ཏུ་བཅུག་ནས་འདི་སྐད་ཅེས་སྨྲས་སོ།། ཇོ་མོ་མཁན་མོའི་ཞབས
366a4 བཀྲུ་བའི་ཆེད་དུ་ལྟ་ཞིང་འགྲོའོ་ཞེས་སྨྲས་ནས་སོ།། དེས་ཀྱང་མཁན་མོ་ལ་ཞུས་ནས་ལུང་ཡང་མནོས། གཞོན་ནུ་མ་རྣམས་ལ་ཡང་ལུང་ཕོག། གཏམ་དག་གླེང་བ་ཡང་བྱས་ཏེ། དེ་ལྟར
366a5 བྱ་བ་མང་ཞིང་བསྒྲུབ་པ་མངས་པས། ཇི་ཙམ་ན་སྐྱེས་པ་དེ་བརྗེད་དོ།། དེ་གཙུག་ལག་ཁང་གི་ཕྱི་རོལ་ཏུ་རྐང་པ་བཀྲུས་ནས།། གནས་ཁང་གི་ནང་དུ་ཞུགས་ཏེ་ཁྲི་སྟེང་དུ་འདུག་པ་དང་། སྐྱེས་པ
366a6 དེ་ཡང་འགུལ་བར་བརྩམས་སོ།། དེས་འགུལ་བས་ཁྲི་ལྡེགས་པ་དང་། དེས་རྐུན་པོ་བྱུང་ངོ་རྐུན་པོ་བྱུང་ངོ་ཞེས་ཁྲུས་བཏབ་པ་དང་། དེ་ནས་སྐྱེས་པ་དེ་ཡང་ཁ་ཟེར་ཞིང་བྲོས་སོ།། དགེ་སློང་མ་རྣམ།
366a7 ཀྱིས་འཕྲིགས་ཏེ། འཕྲིགས་ནས་ཀྱང་སྨོད་བར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར།
iiif viewer powered by OpenSeadragon
365b - 366b