e-texts navigator
Collection
Volume
Page
Wylie

364b1 ཀྱིས་འདི་སྐད་ཅེས། ད་ལྟར་བརྡ་བྱས་ནས་མཚན་མོ་ཉེས་པར་སྤྱད་པ་སྤྱོད་པར་འགྱུར་རོ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས།
364b2 ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གཅིག་པུ་སྐྱེས་པ
364b3 དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པ་ན་འདུག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། སྐྱེས་པ་དང་ལྷན་ཅིག་ཅེས་བྱ་བ་ནི་ཕོ་དང་ངོ་།། གཅིག་པུ་ཞེས་བྱ་བ
364b4 ནི་གང་ན་གསུམ་པ་སྐྱེས་པ་འམ། བུད་མེད་དམ། མ་ནིང་མེད་པར་རོ།། དབེན་པ་སྐྱབས་ཡོད་པ་ཞེས་བྱ་བ་ལ། སྐྱོབས་ཡོད་པ་ནི་གསུམ་སྟེ། རྩིག་པའི་སྐྱབས་ཡོད་པ་དང་། སབ
364b5 མོའི་སྐྱབས་ཡོད་པ་དང་། ཡོལ་བའི་སྐྱབས་ཡོད་པའོ།། འདུག་ན་ཞེས་ཟེར་བ་ནི་གཏམོ་ཟེར་ཞིང་ངོ་།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི
364b6 ལྟར་འགྱུར་ཞེ་ན། དགེ་སློང་མ་ཇི་ཙམ་ཅུང་ཟད་སྐྱེས་པ་དང་ལྷན་ཅིག་སྐྱབས་ཡོད་པ་ན་འདུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅུ་པའི་དང་པོ་རྫོགས་སོ།། །
364b7 གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་འཆར་ཁཾ་དང་སྦེང་མ་རབ་ཏུ་བྱུང་བ་དེའི་ཚེ། འཆར་ཁ་དགེ་སློང་མའི་དབྱར་ཁང་གང་ན་འདེར་སོང་སྟེ་ཕྱིན་ནས། སྦེད་མ་དང་ལྷན་ཅིག་དབེན་པ་སྐྱབས་ཡོད




iiif viewer powered by OpenSeadragon

364a - 365a

Texts on this page

Ty008-002 - dge slong ma'i 'dul ba rnam par 'byed pa