e-texts navigator
Collection
Volume
Page
Wylie

363b1 དེ་མཚན་མོ་གཅི་བས་ཐེབས་ནས། དེས་ཆོལ་ཟངས་བཞག་སྟེ་གཅིས་སོ།། དེ་ནས་ཡང་གླང་པོའི་སྣ་ཆེན་པོ་ལ་གཏོགས་ལ་དཔལ་སྐྱེད་ཅེས་བྱ་བ། རྒྱལ་པོ་གསལ་རྒྱལ་གྱིས་ཆད་པས།
363b2 བཅད་པ་ཞིག་ཡོད་པ་དེ། ནང་པར་གྱི་དུས་སུ་དབྱར་ཁང་དང་ཉེ་བ་ཞིག་ནས་རྒྱལ་པོའི་ཕོ་བྲང་དུ་སོང་བ་ལས། སྡོམ་དགའ་མོ་དེས་ཚོལ་ཟངས་གཅིན་གྱིས་བཀའ་བ་མ་བརྟགས་པར་གཏོར།
363b3 བྱས། མགྲོ་ལ་འོག་པར་གྱུར་ཏོ་ཞེས་བྱ་བ་ནས། དེ་རིང་བདག་ལ་བཀྲ་ཤིས་པར་འགྱུར་དུམ། འོན་ཏེ་བཀྲ་མི་ཤིས་པར་འགྱུར་སྙམ་པ་ལས། ཇི་ཙནྡ་ན་རི་དགས་འཛིན་གྱིས་རྒྱལ
363b4 པོ་དཔལ་སྐྱེད་ལ་བཟོད་པ་བྱེད་དུ་བཅུག་ནས། འདི་ལྟར་རྒྱལ་པོས་གླང་པོ་ཆེ་པདྨ་དཀར་པོ་ཞེས་བྱ་བ་གཅིག་དང་། དེའི་དབང་ཐང་ཉིད་ཀྱང་སླར་བྱིན་ནོ།། དེ་ནས་དཔལ་སྐྱེད་ཀྱིས་རས
363b5 ཡུག་པོ་ཆེ་ཞིག་ཁྱེར་ཏེ། དགེ་སློང་མའི་དབྱར་ཁང་དུ་ཕྱིན་པ་ཇི་ཙམ་ན། སྦོམ་དགའ་མོས་ཐོས་ནས་སྐྲགས་པར་གྱུར་པ་དང་ཞེས་བྱ་བ་ནས། དཔལ་སྐྱེད་ཀྱིས་འདི་སྐད་ཅེས་སྨྲས་སོ།།
363b6 གང་གིས་ནང་པར་གྱི་དུས་སུ་ཁོ་བོ་ལ་གཅིན་གཏོར་བ་དེའི་གཅོན་ནི་བཀྲ་ཤིས་པ་དགའ་བར་བྱེད་པ་ཡིན་པས། དེ་ལ་ཁོ་བོ་དེ་རིང་བསྐོན་པརས་ཡུག་པོ་ཆེ་འབུལ་ན། དགེ་སློང་མདེ་གང་ལགས། དེ་ནས
363b7 སྦོམ་དགའ་མོས་འདི་སྐད་ཅེས། ཁོ་མོ་ཡིན་ནོ་ཞེས་སྨྲས་པ་དང་། དེས་དེ་ལ་ངས་ལུག་པོ་ཆེ་ཅིག་བསྐོན་ནོ།། ཇི་ཙམ་ན་སྦོམ་དགའ་མོ་དགེ་སློང་མ་རྣམས་དང་ལྷན་ཅིག་འཐབ་མོ་བྱུང་བ་དེའི་ཚེ




iiif viewer powered by OpenSeadragon

363a - 364a

Texts on this page

Ty008-002 - dge slong ma'i 'dul ba rnam par 'byed pa