e-texts navigator
Collection
Volume
Page
Wylie

362b1 དུ་མཛད་དེ། ཡང་དགེ་སློང་མ་གང་ཆུ་འཐོར་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་ཆོས་འདི་པའོ།། འཁོར་གྱི་གཙོ་བོ་ཞེས་བྱ་བ་ནི་འཁོར་གྱི་མཆོག་གོ།།
362b2 ཆུས་འཐོར་ན་ཞེས་བྱ་བ་ནི་ཆུས་སོ།། ལྟུང་བྱེད་དོ་ཞེས་བྱ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙང་ཅུང་ཟད་འཁོར་གྱི་གཙོ་བོ་ལ་ཆུས
362b3 གཏོར་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ་ང་རྒྱལ་བ་ལ་གདོང་དུ་ཆུ་ལྕུག་གིས་འཐོར་བ་ལ་ནི་ལྟུང་བ་མེད་དོ།། ལྷུང་བྱེད་དགུ་པའི་གཉིས་པ་རྫོགས་སོ།།
362b4 གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་དབྱར་ཁང་དང་མི་རིང་བང་ཞིག་ན་རེའུ་གསེང་སྔོན་པོ་ཞིག་ཡོད་པ་དེ་ན་བྲམ་ཟེ་ཞིག་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ལ། བྲམ་ཟེའི་གསང་ཚིག་ཀློག་ཏུ་འཇུག་གོ
362b5 དེ་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་ཀྱིས།། སྡོམ་དགའ་མོ་སྤྱོད་ཡུལ་དུ་འཇུག་པ་མཐོང་ནས་མཐོ་བཙམས་སོ།། ཇི་ཙམ་ན་སྡོམ་དགའ་མོས་འཁྲུ་བར་འགྱུར་བའི་སྨན་ཟོས་པས་དེ་མང་དུ་འཁྲུས་ནས
362b6 འཁྲུས་པ་དེ་ཕྱགས་ཏེ་ནེའུ་གསིང་སྔོན་པོའི་སྟེང་དུ་སོང་ནས། དེས་འཁྲུ་བས་ནེའུ་གསིང་སྔོན་པོ་ཐམས་ཅད་སྤགས་སོ།། དེ་ནས་ཡང་བྲམ་ཟེའི་ཁྱེའུ་རྣམས་ལྷགས་ནས་འདུག་སྟེ། དེ་དག་འདི་སྐད
362b7 ཅེས། ཀུང་སའི་བུ་དག། བད་སའི་བུ་དག། བྷ་ར་དྭ་ཙའི་བུ་དག། ངན་སྤྱུགས་ཀྱི་དྲི་མནམ་མོ་ཞེས་སྨྲས་པ་ལས། ཇི་ཙམ་ན་དེ་དག་གི་འག་པ་དང་། རྐང་པ་དང་། གོས་རྣམས་ངམ་སྐྱུགས་ཀྱིས་འཇགྲ




iiif viewer powered by OpenSeadragon

362a - 363a

Texts on this page

Ty008-002 - dge slong ma'i 'dul ba rnam par 'byed pa