e-texts navigator
Collection
Volume
Page
Wylie

361b1 སྙོམས་སྟེར་བར་འགྱུར། དེ་དག་གིས་འདི་སྐད་ཅེས། བདག་ཅག་གིས་ཁང་སྐྱོང་གི་བར་ལ་དབུལ་ལོ་ཞེས་སྨྲས་པ་དང་། དེ་བཞིན་དུ་སྦོམ་དགའ་མོས་གྲོང་ཁྱེར་ཕྱེད་ཀྱི་ཆ་བ་ཐམ།
361b2 ཅད་བཙོས་ཏེ། དེ་ནས་བཙོད་ནས་འསོད་སྙོམས་ཀྱིས་ཁུར་བསླང་ནས་དབྱར་འང་དུ་སོང་ངོ་།། དེའི་འོག་ཏུ་གཡོས་མེའུན་འོངས་ཏེ་འོངས་ནས་སྒོ་སྒོར་འདི་སྐད་ཅེས་སྨྲས་སོ།། ཁྱིམ་བདག།
361b3 མོ་དག། བཙུན་མོ་དགྲ། བཅའ་བ་དག་བཅོས་སྣོམས་ཏེ་སྦྲོན་ཅིག། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ངོ་མོ་དག་གིས་བཙོས་ཟིན་ནོ།། རྒྱ་ཆོས་མཱ་ལན་གྱིས་འདི་སྐད་ཅེས་སྨྲས་སོ།། སུ་ཞིག
361b4 གིས་དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། སྡོམ་དགའ་མོས་སོ་ཞེས་གྲོང་རྡལ་ཕྱེད་པོ་ཐམས་ཅད་ཀྱི་བར་གྱིས་གོ་བར་བྱས་པ་དང་། དེ་འདི་སྐད་ཅེས་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣབས
361b5 ཀྱི་ཚུལ་དང་ཚངས་པའི་ཚུལ་ནི་ཚིག་པ་ཡིན་ཏེ། རང་གི་ཕྱིར་འདི་ལྟར་འཚོ་བ་ཡང་བཅད་དོ་ཞེས་འཕྱ་བར་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་ངག་སྨོང་པར་བྱེད་པའི་སྐབས་དེ
361b6 བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསྒྲུབ་པ་བཅུའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་།
361b7 རྗེན་པ་འཚེད་པར་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མེའོ།། རྗེན་པ་འཚེད་ན་ཞེས་བྱ་བ་ནི་བཅའ་བ་འཚེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ




iiif viewer powered by OpenSeadragon

361a - 362a

Texts on this page

Ty008-002 - dge slong ma'i 'dul ba rnam par 'byed pa