e-texts navigator
Collection
Volume
Page
Wylie

35b1 ད་ཀར་ཅན་དང་། ཁ་གྱོན་པ་དང་། མགོ་ཅོད་པན་ཅན་དང་། མགོ་འཕྲེང་བ་ཅན་དང་། མགོ་དཀྲིས་པ་ལ་ཆོས་མི་བཤད་པར་བསྒྲུབ་པར་བྱའོ།། མི་ན་བར་གླང་པོ་ཆེ་ཞོན་པ་དང་། རྟ་ཞོན་པ་དང་།
35b2 ཁྱོགས་ན་འཇུག་པ་དང་། བཞོན་པའི་སྟེང་ན་འདུག་པ་དང་། མཆིལ་ལྷམ་གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ།། མིན་བར་ལག་ན་འཁར་བ་ཐོགས་པ་དང་། ལག་ན་གདུགས
35b3 ཐོགས་པ་དང་། ལག་ན་མཚོན་ཐོགས་པ་དང་། ལག་ན་རལ་གྲི་ཐོགས་པ་དང་། ལག་ན་དགྲ་ཆ་ཐོགས་པ་དང་། གོ་ཆགྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ།། མིན་པར་འགྲེང།
35b4 སྟེ་བཤང་གཅི་མི་བྱ་བར་བསླབ་པར་བྱའོ།། མིན་པར་ཆུའི་ནང་དུ་བཤང་གཅི་དང་། མཆིལ་མ་དང་། སྣབས་དང་། སྐྱུགས་པ་དང་། རླུགས་པ་མི་དོར་བར་བསྲུབ་པར་བྱའོ།། གནོད་པ
35b5 བྱུང་བ་མ་གཏོགས་པར། ཤིང་ལ་མི་གང་ཙམ་ལས་མཐོར་མི་འཛེགས་པར་བསླབ་པར་བྱའོ།། འཕགས་མ་དག་བདག་གིས་བསླབ་པའི་ཆོས་མང་པོ་དག་བཏོན་ཟིན་ཏོ།།
35b6 དེ་ལ་བདག་གིས་འཕགས་མ་དག་ལ། ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ཇིའོ།། ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ།། འདི་ལ་འཕགས་མ
35b7 ངག་ཡོངས་སུ་དག་ན། འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ།། ། སྡོམ་ལ། མངོན་སུམ་དྲན་པ་མ་མྱོས་དང་།། དེ་བཞིན་གང་མང་ངོ་བོ་ཉིད།། རྭ་རྣམས་བཀྲམ་པ།




iiif viewer powered by OpenSeadragon

35a - 36a

Texts on this page

Ty008-001 - dge slong ma'i so sor thar ba'i mdo