| | e-texts navigator
|
359a1 དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བརྒྱའ་བའི་བར་དུ
359a2 མཛད་དེ།། ཡང་དགེ་སློང་མ་གང་མདོམས་ཀྱི་ཕྱོགས་སུ་སྤུའི་ལས་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ཡང་གང་ཞེས་བྱ་བ་ནི་སྡོམ་དགའ་མོའོ།།
359a3 མདོམས་ཀྱི་ཕྱོགས་ཞེས་བྱ་བ་ནི་གསང་ངའི་གནས་སོ།། སྤུའི་ལས་བྱེད་དམ་ཞེས་བྱ་བ་ནི་རྨོངས་འདྲེག་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ
359a4 ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་མངོམས་ཀྱི་ཕྱོགས་ཀྱི་སྤུའི་ལས་བྱེད་ན་ལུང་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ་རྨ་བྱུང་བའི་ཕྱིར་བྱེད་ན་ལྟུང་བ་མེད་དོ།། ལྟུང
359a5 བྱེད་ངརྒུང་པའི་གཉིས་པ་རྫོགས་སོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོ་མི་དགའ་མོས་གསང་བའི་གནས་སུ་ལག་པ་བཅུག་ནས། ཇི་ཙམ་ཉོན་མོངས་པ་ནི
359a6 བར་གྱུར་གྱི་བར་དུ་བཀྲུས་པས། དེའི་གསང་བའི་གནས་སྐྲངས་པར་གྱུར་ཏོ།། དེས་བུ་ཤེལ་ཙི་དང་ཙན་དན་ལ་སོགས་པའི་བྱུག་པ་ལྷན་ཅིག་གནས་པ་དང་། ཉེ་གནས་རྣམས་ལ་བསླངས་པ་དང་།། དེ་དག
359a7 གིས་འདི་སྐད་ཅེས་སྨྲས་སོ།། ཁྱོད་ཅི་སྤང་། དེས་སྐབས་དེ་རྒྱས་པར་སྨྲས་པ་དང་ཞེས་བྱ་བ་ནས། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ
iiif viewer powered by OpenSeadragon
358b - 359b