e-texts navigator
Collection
Volume
Page
Wylie

358b1 ཞིག་ཏུ་སྐྱེས་སོ་ཞེས་བྱ་བའི་ངར་རོ།། ཇི་ཙམ་ན་དེ་བུ་མོའི་དོན་དུ་ཉི་མ་རེ་རེ་ཞིང་རིན་པོ་ཆེ་དག་སྐྱེལ་བར་བྱེད་དོ།། དེ་ནས་བུ་མོས་བསམས་པ། ངང་བའི་རྒྱལ་པོ་ཡང་བཟུང་ལ། རིན་པོ་ཆེ
358b2 ཡང་བླང་ངོ་སྙམ་པ་དང་། དེ་བྲོས་ནས་ཕྱིན་ཆད་མི་འོང་བར་གྱུར་ཏོ།། ཇི་ཙམ་ན་ལྷ་ཞིག་གིས་ཚིགས་སུ་བཅད་དེ་སྨྲས་པ། ལྷབ་པར་ཆགས་པར་མི་བྱ་སྟེ།། ཆོས་མིན་ཆགས་པ་སྡིག་པ་ཅན།
358b3 ངང་པའི་རྒྱལ་པོ་བཟུང་སྙམ་པ།། རིན་ཆེན་རྣམས་ལས་ཡོངས་སུ་ཉམས།། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་རྐུན་པོ་དང་བུ་མོ་གང་ཡིན་པ་དེ་ནི་སྡོམ་དགའ་མོ་འདི་ཉིད་ཡིན་ཏེ།
358b4 ན་ཡང་ལྷག་པར་ཆགས་པ་ཁོ་ནར་གྱུར་ཏོ།། ད་ལྟར་ཡང་ལྷག་པར་ཆགས་པ་ཁོ་ནར་གྱུར་ཏོ།། དེ་ལྟ་བུས་ན་ལྷག་པར་ཆགས་པར་མི་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ་པར
358b5 བྱའོ།། ལུང་བྱེད་བརྒྱད་པའི་དང་པོ་རྫོགས་སོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོ་མངོམས་ཀྱི་ཕྱོགས་ཀྱི་སྤུའི་ལས་བྱེད་ཅིང་།། དེ་ཁྲུས་བྱེད་པ་ན
358b6 བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་རྣམས་ལ་བསྟན་སྟེ། ཏིལ་འབྲས་ཁྲ་དོར་བྱས་པའི་བེན་ཙེ་ལྟར་འདུག་པ་འདི་ལ་ལྟོས། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་རེ་ཞིག་ཁོ་མོ་ཅག་ནི་སྡུ་མཛད
358b7 ཀྱི་སེམས་མགུ་བར་བགྱིད་པའི་ཕྱིར་འགྱིད་ན། ཁྱོད་ཀྱི་འདི་ཅིར་འཚལ། ཁྱོད་ཀྱི་སུ་ཞིག་མགུ་བར་བགྱི། འདི་ནི་རབ་ཏུ་བྱུང་བ་དང་འཚམ་པ་མ་ལགས་སོ་ཞེས་བྱ་བ་ནས། དོན་ཉུང་བའི་དགེ་སློང་མ།




iiif viewer powered by OpenSeadragon

358a - 359a

Texts on this page

Ty008-002 - dge slong ma'i 'dul ba rnam par 'byed pa