e-texts navigator
Collection
Volume
Page
Wylie

353a1 དང་ཞེས་བྱ་བ་ནུས། བསྒྲུབ་པ་བཅུའ་བའི་བར་དུ་མཛད་དེ། དགེ་སློང་མས་དགེ་འདུན་གྱི་ཁྲི་འམ་ཁྲིའུ་བྱེད་དུ་འཇུག་ན། རྩ་བུ་བུ་གར་གཞུག་པ་མ།
353a2 གཏོགས་པར། བདེ་བར་གཤེགས་པའི་སོར་བརྒྱད་ཀྱི་ཚད་དུ་བྱེད་དུ་གཞུག་པར་བྱའོ།། དེ་ལས་ལྕུག་པུར་བྱེད་དུ་འཇུག་ན་བཅད་ནས་ལྟུང་བྱེད་དོ།། དགེ་འདུན་གྱི་ཞེས་བྱ་བ
353a3 ནི་དེ་བཞིན་གཤེགས་པའི་ཉན་ཐོས་མའི་དགེ་འདུན་གྱིའོ།། དགེ་སློང་མ་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། ཁྲི་འམ་ཞེས་བྱ་བ་ནི་ཉལ་བའི་འོ།། ཁྲིའུ་འམ་ཞེས་བྱ་བ་ནི་ཁྲིའུ་ཉིད་དོ།།
353a4 བདེ་བར་གཤེགས་པའི་ཞེས་བྱ་བ་ནི་སྟོན་པའི་འོ།། བདེ་བར་གཤེགས་པའི་སོར་བརྒྱད་གང་ཡོན་པ་དེ་ལ་ནི་ཚད་དང་ལྡན་པའི་ལག་པའི་ཁྲུ་གང་ངོ་།། བུ་གར་གཞུག་པ་མ་གཏོགས་ཏེ་ཞེས་བྱ་བ
353a5 ནི་བཞག་སྟེའོ།། དེ་ལས་ལྷག་པར་བྱེད་ན་ཞེས་བྱ་བ་ནི་དེ་ལས་འདས་པར་བྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན
353a6 དགེ་སློང་མས་ཇི་ཙམ་ཅུང་ཟད་འདེ་བར་གཤེགས་པའི་སོར་བརྒྱད་ཀྱི་ཚད་ཀྱི་ཚད་ལས་ལྷག་པར་བྱེད་ན། ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། གང་གི་མདུན་དུ་འཆགས་པར་བྱེང་ན་ཞེས་བྱ།
353a7 བ་ནི་སྔ་མ་བཞིན་ནོ།། ལྟུང་བྱེད་བདུན་པའི་ལྔ་པ་རྫོགས་སོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས། དགེ་སློང་དང་དགེ་སློང་མ




iiif viewer powered by OpenSeadragon

352b - 353b

Texts on this page

Ty008-002 - dge slong ma'i 'dul ba rnam par 'byed pa