| | e-texts navigator
|
352b1 དང་ཆང་བ་ལྟ་བུའོ།། ཁྱེད་དམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ།། བྱེད་དུ་བཅུག་ན་ཞེས་བྱ་བ་ནི་གཞན་ནོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་དངཆི།
352b2 ལྔར་འགྱུར་ཞེན། དགེ་སློང་མས་ཇི་ཙམ་ཅུང་ཟད་དུ་སོ་འམ་ཞེས་བྱང་ནས་རྭའི་བར་གྱི་འབྲར་ལ་སར་པ་བྱེད་དམ། བྱེད་དུ་འདུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། གང་གི་མདུན་དེ
352b3 འཆགས་པར་བྱེད་ན། དེས་ཅིག་བཅག་གམ་ཞེས་དྲི་བར་བྱའོ།། མུ་དྲིས་པར་འཆགས་པར་བྱེད་ན། ལྟུང་བ་དེ་ཡང་མ་བཤགས་ཤིང་། གང་གི་བདུན་དུ་འཆགས་པར་བྱེད་པ་དེ་ལ་ཡང
352b4 ཉེས་བྱས་སུ་འགྱུར་རོ།། ལྟུང་བྱེད་འདུན་པའི་བཞི་པ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། གླང་གི་ཚེ་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་རྣམས་ལས་བརྟེན་ནས།།
352b5 ཁྲི་དང་ཁྲིའུ་ཚད་འདི་བར་གཤེགས་པའི་སོར་བརྒྱད་ཀྱི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ། བཅུ་གཉིས་སྡེ་དེ་དག་གིས་ཚད་ལས་འདས་པའི་ཁྲི་དང་ཁྲེའུ་དག་བྱེད་དུ་འཇུག་པ་དང་།
352b6 དེ་དག་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། པུ་ནུ་མོ་དག་བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་བཅའ་བ་མ་མཛད་དམ། དེ་དག་གིས་འདི་སྐད་ཅེས་དགེ་སློང་རྣམས་ལ་མཛད་ཀྱི། དགེ
352b7 སློང་མ་རྣམས་ལ་ནི་མ་ཡིན་ནོ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི
iiif viewer powered by OpenSeadragon
352a - 353a