e-texts navigator
Collection
Volume
Page
Wylie

352a1 མཉན་ཡོད་ནའོ།། དེའི་ཚེ་མཉན་ཡོད་ན་གཅེར་བུ་པའི་ཉན་ཐོས་ཆོས་ཞེས་བྱ་བ་སོ་མཁན་ཞིག་གནས་པ་དེ་བསོད་སྙོམས་པ་ཞིག་གིས་སངས་རྒྱས་ཀྱི་བསྟན་པ།
352a2 ལ་མངོན་པར་དད་པར་བྱས་ནས། དེ་གཉིས་ཀའི་དགེ་འདུན་ལ་འབར་ལ་དག་འབུལ་དུ་བཅུག་གོ།། དེ་ནས་བཅུ་གཉིས་སྡེ་རྣམས་ཀྱིས་བ་སོ་དང་། རུས་པ་དང་། རྭ་ལས་བྱས་པའི་འབར་ལ་དབྱིབས་སྠཱ།
352a3 ཚོགས་དག་བྱེད་དུ་བདྲུ་གོ། དེ་རང་གི་ཟན་ཟོས་ཤིང་གཞན་གྱི་ལས་བྱས་པས། དྭེ་རང་བཻ་མ་ལོན་པར་དབུལ་པོར་གྱུར་ཏོ།། དེ་ནས་མུ་སྟེགས་པ་རྣམས་ཀྱིས་ལག་བཟོ་ཆོས་མཐོང་ནས
352a4 སྐད་ཅེས། ལག་བཟོ་ཆོས་གང་གི་ཚེ་ཁོ་བོ་ཅག་ལ་མངོན་པར་དད་པར་གྱུར་པ་དེའི་ཚེ་འབྱོར་པར་གྱུར་ལ། གང་གི་ཚེ་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་མ་རྣམས་ལ་མངོན་པར་དད་པར་གྱུར་པ་དེའི་ཚེ་དཀྲེན
352a5 པར་གྱུར་ཏོ་ཞེས་སྨྲས་པ། དགེ་སློང་མ་རྣམས་ཀྱིས་ཟོས་སོ།། ཐོས་ནས་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ
352a6 བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་བ་སོ་འམ་འདུས་པ་འམ། རྭའི་འབྲ་རལ་ལས་སར་བ་བྱེད་དུ་འཇུག་ན་བཅག་ནས་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་ཅུ
352a7 གཉིས་སྡེ་དག་གོ། བ་སོ་འམ་ཞེས་བྱ་བ་ནི་བ་སོ་ཉིད་དོ།། རུས་པ་འམ་ཞེས་བྱ་བ་ནི་རུས་པ་ཉིད་དོ།། རྭ་ལས་བྱས་པ་ཞེས་བྱ་བ་ནི་རཱ་ཉིད་དོ།། ཁབ་རལ་ཞེས་བྱ་བ་ལ། ཁང་རལ་ནི་གཉིས་ཏེ། སྦུ་བུ་ཅན།




iiif viewer powered by OpenSeadragon

351b - 352b

Texts on this page

Ty008-002 - dge slong ma'i 'dul ba rnam par 'byed pa