e-texts navigator
Collection
Volume
Page
Wylie

351b1 གང་བྱུང་བ་དེ་ཆོས་བཞིན་དུ་བྱེད་དུ་གཞུག་པའི་སྟེང་དུ། འཕགས་མ་ཁྱོད་ཀྱིས་མུ་རྙེད་དེ། རྙེད་པ་མ་ཡིན་ཞིང་ཉེས་པ་རྙེད་པ་ཡིན་ཏེ། ཁྱོད་ཀྱིས་གང་གི་ཕྱིར་སོ་སོར་བར་པའི་མདོ
351b2 གདོན་ལ་འདོན་པའི་ཚེ། གུས་པར་བྱས་ཏེ་ཆོས་ཅན་པར་མི་བྱེད།། བླ་མར་བྱས་ཏེ་མི་བྱེད། མ་ལ་བྱས་ཏེ་མི་བྱེད།། རྩེ་གཅིག་ཏུ་རྣ་བླབས་ཏེ་ཕན་པ་པ་མི་བྱེད། སེམས་ཐམས་ཅད་ཀྱིས
351b3 བསམས་དེ་ཆོས་ཉན་པར་མི་བྱེད་དོ་ཞེས་སྤྲོ་བར་བྱའོ།། དེའི་སྤྱོ་བར་བྱ་བ་ནི་འདི་ཡིན་ཏེ་ལྷུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། ཟླ་འབྱེད་བྱེད་ཅིང
351b4 ཞེས་བྱ་བ་ནི། ཟླ་བ་བྱེད་བྱེད་ཅིང་ངོ་།། སོ་སོར་ཐར་པའི་མདོ་འདོན་པ་འདོན་པའི་ཚེ་ཞེས་བྱ་བ་ནི། པས་ཕམ་པར་འགྱུར་བ་བརྒྱད་ཅེས་བྱ་བ་ནས། རྩོད་པ་ཞི་བར་བྱ་བའི
351b5 ཆོས་བདུན་ཞེས་བྱ་བའི་བར་རོ།། སྔ་མ་བཞིན་དུ་བརྗོད་པར་བྱའོ་ཞེས་བྱ་བ་ནི། རིམ་པའི་ནང་དུ་བརྗོད་པར་བྱའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི
351b6 ལྗང་འགྱུར་ཞེ་ན། དགེ་སློང་བས་ཇི་ཙམ་ཅུང་ཟད་ཟླ་བ་བྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་པའི་ཚེ། འདི་སྐད་ཅེས་ཆོས་འདིས་ཡང་མདོར་གཏོགས་པར་ཞེས་ཟེར་ན་ལྟུང་བྱེད་དོ།།
351b7 མདོར་འདུས་པར་ཞེས་ཟེར་ན་ལྟུང་བྱེད་དོ།། བཞིན་མ་འདུག་པ་དང་ཚོགས་ལས་གར་བ་ལ་ནི་ལྟུང་བ་མེད་དོ།། ལྟུང་བྱེད་བདུན་པའི་གསུམ་པ་རྫོགས་སོ།། ། གླེང་གཞི་ནི




iiif viewer powered by OpenSeadragon

351a - 352a

Texts on this page

Ty008-002 - dge slong ma'i 'dul ba rnam par 'byed pa