| | e-texts navigator
|
34b1 ལེགས་པར་ཟས་བཟའ་བར་བསླབ་པར་བྱའོ།། བཅང་ཁམ་ཆུང་འམ། ཧཅང་ལམ་ཆེ་བ་མ་ཡིན་པ་དང་། ཁམ་རན་པ་དང་། ཁམ་མ་གཟས་པར་ཁ་མིག་དང་བ་དང་། 2།
34b2 ཁམ་གྱིས་བཀང་སྟེ་མི་སྨྲ་བར་བསླབ་པར་བྱའོ།། ཙུག་ཙུག་མི་བྱ་བ་དང་། ཅག་ཅག་མི་བྱ་བ་དང་། ཅུ་པྲ་མི་བྱ་བ་དང་། ཕུ་ཕུ་མི་བྱ་བ་དང་། ལྕེ་ཕྱུང་སྟེ་ཟས་མི་བཟའ་བར་བསླབ་པར་བྱ།
34b3 འབྲུ་ནས་ཐ་དད་དུ་མི་བྱ་བ་དང་། འཕྱས་མི་གདགས་པ་དང་། མཁུར་བ་མི་སྤོ་བ་དང་། དཀན་མི་ཏོག་པ་དང་། ཁམ་འཕྲོར་མི་བཅད་པར་ཟས་བཟའ་བར་བསླབ་པར་བྱའོ།། ལག་པ་མེ
34b4 བལྡག་པ་དང་། ལྷུང་བཟེད་མི་བྱོག་པ་དང་། ལག་པ་མི་སྡུག་པ་དང་། ལྷུང་བཟེད་མི་བསྒོམ་པ་དང་། མཆོད་རྟེན་འཇ་བར་བཅོས་ཏེ་ཟས་མི་བཟའ་བར་བསླབ་པར་བྱའོ།།
34b5 སྡོམ་ལ། འཕྱ་ལ་སོགས་པ་རྣམ་པ་བཞི།། ལྷུང་བཟེད་ལ་ཡང་རྣམ་པ་བཅུ།། འགྲེང་བར་བྱེད་ལ་སོགས་པ་ལྔ།། མགོ་གཡོག་ལ་སོགས་རྣམ་པ་ལྔ།། དོ་ཀེར་ཅན་ལ་སོགས་པ
34b6 ལྔ། གླང་ཆེན་ལ་སོགས་བཞོན་པ་ལྔ།། ལག་ན་འཁར་བ་ལ་སོགས་དྲུག། ན་བ་རྣམ་པ་གསུམ་རྣམས་སོ།། དྲུང་ན་འདུག་པའི་དགེ་སློང་མའི་ལྷུང་བཟེད་ལ་འཕྱ
34b7 གདགས་པའི་ཕྱིར་མི་ལྟ་བར་བསླབ་པར་བྱའོ།། ལག་པ་ཟས་དང་འཕགས་པས་ཆུ་སྣོད་ལ་མི་གཟུང་བར་བསླབ་པར་བྱའོ།། དྲུང་ན་འདུག་པའི་དགེ་སློང་མ་ལ་ཟས་དང་འཕགས་པའི་ཆུས་ནི།
iiif viewer powered by OpenSeadragon
34a - 35a