| | e-texts navigator
|
349b1 ཁྱིམ་གཉིས་སུ་སོང་ལ། ཆེད་དུ་བསམས་ཏེ་ཁྱིམ་གསུམ་པར་འགྲོ་ན་ལྟུང་བྱེད་དོ།། ཟས་ཕྱི་མ་ལ་ཁྱིམ་གསུམ་དུ་སོང་ལ། ཆེད་དུ་བསམས་ཏེ་ཁྱིམ་བཞི་པར་འགྲོ་ན་ལྟུང་བྱེད་དོ།། ཁྱིམ་བདག་གི་མི།
349b2 ལ་གོ་དར་བུས་ན་ལྟུང་བ་མེད་དོ།། ལྟུང་བྱེད་བདུན་པའི་དང་པོ་རྫོགས་སོ།། ། གླེང་གཞོ་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་རྣམས་ལས
349b3 བརྟེན་ཏེ། སྒོ་གཏན་གྱི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ། བཅུ་གཉིས་སྡེ་དེ་དག་གིས་དགེ་སློང་གི་བསླབ་པའི་གཞི་ཡིན་ནོ་ཞེས་བྱ་བ་ནས། བསླབ་པའི་གཞི་དེ་དེ་ལ་རྗེས་སུ་སྒྲུབ་པར་མི་བྱེད
349b4 པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིསབཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་མ་རྣམས་ཀྱིས་ཀྱང་། ནེམ་མ་མངས
349b5 ཤིང་སྐྱ་རེངས་མ་ཤར་གྱི་བར་དུའོ།། གང་གི་ཚེ་རྒྱལ་པོ་འཆར་ཀས་དཔལ་ལྡན་མའི་ཕྱིར། ཁྱིམ་བདག་གདངས་ཅན་ལ་ཁྱོད་ཀྱི་བུ་མོ་དགེ་སློང་རྣམས་ལྟ་བར་འདོད་དོ་ཞེས་རྒྱལ་པོས་བསྒོ་བ་དེའི
349b6 ཚེ། ཁྱིམ་བདག་གདངས་ཅན་གྱིས། དགེ་སློང་ཤཱ་རིའི་བུ་ལ་དཔལ་ལྡན་མ་གདུལ་བའི་ཆེད་དུ་གསོལ་བ་འཏབ་ནས་རྒྱལ་པོའི་འོ་བྲང་དུ་བཏང་བ་དང་། བཅོམ་ལྡན་འདས་ཀྱིས་ཀྱང་གནང་ངོ་།།
349b7 དེས་དུས་གཞན་ཞིག་ན་གདངས་ཅན་གྱི་བུ་མོ་ཡང་དགེ་སློང་མ་རྣམས་ལ་ངར་འདོད་པ་དེའི་ཚེ། ཁྱིམ་བདག་གདངས་ཅན་གྱིས་སྐྱེ་དགུའི་བདག་མོ་ཆེར་མོ་ལ་གསོལ་བ་བཏབ་པ་དང་། དེས་རྒྱལ
iiif viewer powered by OpenSeadragon
349a - 350a