e-texts navigator
Collection
Volume
Page
Wylie

349a1 དབྱང་བྱ། ཀྱི་ཟས་ལ་སྐོ་བར་བགྱིད་པ་དགའ་མོ་མཁྱེན་ཏོ་ཞེས་བྱ་བ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས
349a2 ཀྱིས་བཀའ་སྩལ་པ། དགེ་སློང་མ་དག་ཟས་སྔ་པ་དང་ཟས་ཕྱི་བ་ལ་ཁྱིམ་དག་ཏུ་རྒྱུ་བར་མི་བྱའོ།། དེ་ནས་ཞལ་ཏ་བྱེད་པ་དག་གམ་ཟས་བསྒྲུབ་པ་དེ་དག་གི་འདུན་གྱི་བྱ་བ་དང་། དགེ་འདུན་གྱི་བསྒྲུང
349a3 པ་དེ་དག་ཉམས་པར་གྱུར་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟས་སྔ་མ་ལ་ཁྱིམ་གཉིས་སྨྲ། ཟས་ཕྱི་མ་ལ་ཁྱིམ་གསུམ་དུའོ།། དེ་ནས་བཅོམ་ལྡན་འདས་ཀྱིས། དགེ་སློང་མ་རྣམས
349a4 ལ་བསླབ་པར་འདོད་པ་དང་ཞེས་བྱ་བ་ནས། བསླབ་པ་ལ་ཡོ་བྱད་བསྦྱངས་པའི་བསྔགས་པ་གསུངས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཡང་དགེ་སློང་མ་གང་ཟས་དང་བཅས།
349a5 པའི་ཁྱིམ་དུ་མགྲོན་དུ་བོས་ལགཟས་སྔ་མ་དང་ཟས་ཕྱི་མ་ལ་ཁྱིམ་དག་ཏུ་ཁྱིམ་བདག་འཁོད་པ་ལ་གོ་བར་མ་བྱས་པར་འགྲོ་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་དགའ་རོའོ།། །
349a6 ཟས་དང་བཅས་པ་ཞེས་བྱ་བ་ནི་སྔོན་མོ་ཅན་གྱི་ཁྱིམ་དུའོ།། ཁྱིམ་དག་ཏུ་ཞེས་བྱ་བ་ནི་ཁྱིམ་བདག་གི་ཁྱིམ་དག་ཏུ་མགྲོན་དུ་བོས་པའོ།། ཟས་སྔ་མ་ཞེས་བྱ་བ་ནི་སྔ་དྲོའི་དུས་སོ།། ཕྱི་མ་ཞེས་བྱ་བ་ནི་བྱི་།
349a7 དུས་སོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཡང་དགེ་སློང་མ་ཟས་དང་བཅས་པའི་ཁྱིམ་དུ་མཐོམ་དུ་བོས་ནས་སྔ་མ་ལ




iiif viewer powered by OpenSeadragon

348b - 349b

Texts on this page

Ty008-002 - dge slong ma'i 'dul ba rnam par 'byed pa