e-texts navigator
Collection
Volume
Page
Wylie

347b1 དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཆང་གི་ཁ་དོག་དང་། ཆང་གི་དྲི་དང་། ཆང་གི་རོ་འཐུང་ངམ། འཐུང་དུ་འཇུག་ན་ལྟུང་བྱེད་དོ།། བཅོས་པའི་ཆང་ན་ལྟུང་བྱེད་དོ།། བསྲེས་པའི་ཆང་ན
347b2 ལྟུང་བྱེད་དོ།། ཆང་གི་ཁ་དོག་ནི་ཉེས་བྱས་སོ།། ཆང་གི་དྲི་ན་ཉེས་བྱས་སོ།། རླུང་གི་རོ་ན་ཉེས་བྱས་སོ།། གླུམ་ཟ་ན་ཉེས་བྱས་སོ།། བྲལ་ཏེ་མཛེ་བྱུང་ནས་ཡན་ལག་སྐུད་པ་དང་། ཁ་ནད་ཀྱི་ཕྱིར་ཁར་བླུགས
347b3 ཏེ་འཛིན་པ་དང་བསྐོལ་བ་ལ་ནི་ལྟུང་བ་མེད་དོ།། ལྟུང་བྱེད་དྲུག་པའི་བརྒྱད་པ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ
347b4 འཆར་ཀ་ལས་བརྟེན་ནས། དུས་མ་ཡིན་པར་རྒྱུ་བའི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ། བཅུ་གཉིས་སྡེ་རྣམས་གྲོང་དུ་དུས་སུ་ཡང་རྒྱུ་བར་བྱེད། དུས་མ་ཡིན་པར་ཡང་རྒྱུ་བར་བྱེད་པ་དང་།
347b5 དེ་དག་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཕུ་ནུ་མོ་དག་བཅོམ་ལྡན་འདས་ཀྱིས་དུས་མ་ཡིན་པར་རྒྱུ་བའི་བསླབ་པའི་གཞི་བཅའ་བ་མུ་མཛད་དམ། དེ་དག་གིས་འདི་སྐད་ཅེས་དགེ་སློང་རྣམས་ལ
347b6 མཛད་ཀྱི། དགེ་སློང་མ་རྣམས་ལ་ནི་མ་ཡིན་ནོ་ཞེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན
347b7 དགེ་སློང་མས་གོ་བར་བྱ་སྟེ་འགྲོ་བར་བུའོ།། དེ་ནས་དགེ་སློང་མ་ཞིག་གིས་ཁྱིམ་བདག་ཅིག་གི་ཁྱིམ་དུ་ལྷུང་བཟེད་དང་ཆོས་གོས་བཞགས་པ་ལས། ཁྱིམ་བདག་གི་ཁྱིམ་དེ་མེ་ཤོར་ཏོ་ཞེས་དགེ་སློང་མ་དེས




iiif viewer powered by OpenSeadragon

347a - 348a

Texts on this page

Ty008-002 - dge slong ma'i 'dul ba rnam par 'byed pa