| | e-texts navigator
|
345b1 མཉན་ལ། དེ་ལྟར་རྗེས་སུ་ཐ་སྙད་གདགས་པར་བྱའོ་ཞེས་ཅང་མི་སྨྲ་བས་ཉན་རྣ་བྱེད་ཅིང་འདུག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།།
345b2 ཉན་རྣ་བྱེད་ཅིང་འདུག་ན་ཞེས་བྱ་བ་ནི་ཐོས་པར་འདོད་པས་སྐོན་སྡོད་པའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ
345b3 མནང་ན་འདུག་པར་གྱུར་ལ། གཞན་ཕྱི་ལོགས་ནས་ནང་དུ་འཇུག་ན། དེས་སྐད་བསལ་བ་འམ། རྟིང་སྒྲའམ་སེ་གོལ་བྱའོ།། མི་བྱེད་དམ་གལ་ཏེ་སྒྲ་ཡང་མགོ་དོན
345b4 ཀྱང་མགོན་ཉེས་བྱས་སོ།། སྒྲ་ཡང་གོ་དོན་ཀྱང་གོ་བར་གྱུར་ན་ལུང་བྱེད་དོ།། དེ་བཞིན་དུ་གང་ན་འདུག་པ་ལ་ཡང་རུང་སྟེ་ལྟུང་བྱེད་དོ།། གལ་ཏེ་ཐོས་ན་ཉེ་བར་བྱའོ་སྙམ་ན་ལྟུང་བ་མེད
345b5 དོ་ལྟུང་བྱེད་དྲུག་པའི་ལྔ་པ་རྫོགས་སོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་བཅུ་གཉིས་སྡེ་དག་དགེ་སློང་མའི་དགེ་འདུན་ཆོས་ཀྱི་གཏམ་རྣམ་པར་གཏམ་ལ
345b6 འབེབས་པ་ན། ཅང་མི་སྨྲ་བར་ལངས་ཏེ་དོང་བའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་འདོང་བར་མི་བྱའོ།། དེ་དག་ན་དར
345b7 གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་། དགེ་སློང་མ་ལ་གོ་བར་བྱས་ཏེ་འདོང་བར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་བསླབ་པ་འདོད་པ་དང་ཞེས་བྱ
iiif viewer powered by OpenSeadragon
345a - 346a