| | e-texts navigator
|
345a1 བསླབ་པར་བྱའོ་ཞེས་ཐུབ་ནི། དགེ་སློང་མངག་གང་ལ་སློབ་པ་ལའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ཁྲུང་དང་ཇི་གྱུར
345a2 འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་མ་རྣམས་ཀྱིས་བསྒོ་བ་ན་འདི་སྐད་ཅེས་བུས་པ་ཞེས་ཟེར་ན་ལྟུང་བྲེད་ངོ་།། རྨོངས་པ་ཞེས་ཟེར་ན་ལྟུང་བྱེད་དོ།། མིགསལ་བ་ཞེས་ཟེར།
345a3 ནཱ་ལྟུང་བྱེད་དོ།། མི་མཁས་པ་ཞེས་ཟེར་ན་ལྟུང་བྱེད་དོ།། ལྟུང་བྱེད་དྲུག་པའི་བཞི་པ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་བཅུ་གཉིས་སྡེ་རྣམས
345a4 ཀྱིས། དགེ་སློང་མ་དག་འཇང་མོ་བྱུང་བ་ལ་ཉན་རྣ་བར་སྒོར་བསྡད་ནས་དེ་དག་གིས་ཅུང་ཟད་ཅི་ཐོས་པ་ཚུ་གིས་ལས་ཐོས་པ་དེ། འགི་དག་ལ་སྦྲོན་པར་བྱེད་ཅིང་། ཕ་གི་དག་ལས་ཐོས་པ་དེ།
345a5 ཚུ་གི་དག་ལ་སྟོན་པར་བྱེད་པས། དེས་ན་དགེ་འདུན་འཐབ་པ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་བྱུང་བ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐངས་དེ།
345a6 བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང
345a7 ཤེས་བཞིན་དུ་དགེ་སློང་མ་རྣམས་འཐབ་མོ་བྱུང་བར་གྱུར་ལ་མཚང་འདྲུང་དང་འགྱེད་པ་དང་། རྩོད་པ་བྱུང་ཞིང་འདོད་པ་ལ་དགེ་སློང་མ་དེ་དག་ཅི་སྨྲ་བ་དེ་བདག་གིས
iiif viewer powered by OpenSeadragon
344b - 345b