| | e-texts navigator
|
323b1 གྱི་ས་བའི་རྣམ་པར་སོང་བ་འདི་ལ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པ་ཡིན་ནོ་ཞེས་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི
323b2 འགྱུར་བ་དེ་སྐར། ཁོ་མོ་ཅག་གིས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་མཆི་བ་ན། དེ་གཉིས་ལ་དགེ་སློང་མ་རབ་ཏུ་མང་པོས་བཞམས་ནས་བསྒོ་སྟེ། དེ་གཉིས་ལ་དགེ་སློང
323b3 མ་རབ་ཏུ་མང་པོས་བཞམས་ཏེ་བསྒོ་བ་ན། གཞི་དེ་ཉིད་ལ་ནར་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས། འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད།
323b4 ཀྱིས། གལ་ཏེ་འཕགས་མའི་དགེ་འདུན་གྱི་བུས་ལ་བབ་ཅིང་བཟོད་ན། འཕགས་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་ཚུལ་མ་མཛེས་མ་དང་རྒྱལ་མ་འདི་གཉིས
323b5 ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་དོ།། འདི་ནི་གསོལ་བའོ།། ལས་ནི་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་ཚུལ་མ
323b6 མཛེས་མ་དང་རྒྱལ་མ་འདི་གཉིས་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པ་ཡིན་ནོ་ཞེས་གསུངས་པ
323b7 གང་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར། ཁོ་མོ་ཅག་གིས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་མཆི་བ་ན། དེ་གཉིས་ལ་དགེ་སློང་མ་རབ་ཏུ་མང་པོས
iiif viewer powered by OpenSeadragon
323a - 324a