| | e-texts navigator
|
322a1 ན་དེ་ལྟ་ན་ལེགས་ཀ་གལ་ཏེ་སྨྲས་པ་རྫོགས་ཀྱང་མི་གཏོང་ན་ཉེས་བྱས་སོ།། ལས་བརྗོད་པ་གསུམ་པ་སྨྲས་པ་མ་རྫོགས་པར་མི་མཐུན་པ་དག་ཆོས་མ་ཡིན་པར་བྱེད་པ
322a2 དང་། མཐུན་པ་དག་ཆོས་མ་ཡིན་པར་བྱེད་པ་དང་། མི་མཐུན་པ་དག་ཆོས་མ་ཡིན་པ་ལྟར་བཅོས་པས་དང་། མཐུན་པ་དག་ཆོས་མ་ཡིན་པ་ལྟར་བཅོས་པ་དང་། ཆོས་ཇི་ལྟ་བ་བཞིན་མ་ཡིན
322a3 པ་དང་། འདུལ་བ་ཇི་ལྟ་བ་བཞིན་མ་ཡིན་པ་དང་། སྟོན་པའི་བསྟན་པ་ཇི་ལྟ་བ་བཞིན་མ་ཡིན་པས་དེ་ལྟར་བྱེད་ན་ལྟུང་བ་མེད་དོ།། ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་། སྟོན་པའི
322a4 བསྟན་པ་ཇི་ལྟ་བས་ལས་བརྗོད་པ་བཞི་པ་སྨྲས་པ་རྫོགས་ན་ལུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཞི་པའི་བརྒྱད་པ་རྫོགས་སོ།། །། བམ་པོ་ཉི་ཤུ་པ།།
322a5 སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས་སོ།། དེའི་ཚེ་བཅུ་གཉིས་སྡེ་རྣམས་ཀྱིས་འཆི་ལྟས་དེ་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར
322a6 བྱེད། ཀུན་ཏུ་ལོངས་སྤྱོད་པར་བྱེད། གནས་གཅིག་ཏུ་ཉལ་བར་བྱེད་པ་དང་། དོན་ཆུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ
322a7 ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཤེས་བཞིན་དུ་དེ་སྐད་ཟེར་བའི་དགེ་སློང་མ་ཆེས་པཞིནམ་བྱས
iiif viewer powered by OpenSeadragon
321b - 322b