| | e-texts navigator
|
321b1 སོ།། འདི་སྐད་ཅེས་བརྗོད་པར་བྱའོ་ཞེས་བྱ་བ་ནི། འདི་སྐད་ཅེས་སྨྲ་བར་བྱ་བའོ།། ཕུ་རུ་མོ་ཁྱོད་འདི་སྐད་ཅེས། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན།།
321b2 པ་དེ་ལ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར། ཁོ་མོས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་བརྗོད་པར་མ་སྨྲ་ཞིག་ཅེས་བྱ་བ་ནས། བཞམས་ཏེ་བསྒོ་བ
321b3 ན་ཞེས་བྱ་བའི་བར་རོ།། གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ལན་གཉིས་ལན་གསུམ་དུ་ཡང་ཡང་དག་པར་བསྟན་པར་བྱ། ཡང་དག་པར་བསྒོ་བར་བྱའོ་ཞེས་བྱ
321b4 བ་ནས། གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ་ཞེས་བྱ་བའི་བར་རོ་ཞེས་བྱ་བ་ནི། བསྒོ་བ་སྔ་མ་ཇི་ལྟ་བ་བཞིན་དུའོ།། ཡང་དག་པར་བསྒོ་བ་ནི་དེ་ཡིན་ནོ།། ཡང་དག་པར་བསྟན
321b5 པ་ནི་དེ་ཡིན་ནོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་འདི་སྐད་ཅེས། དེ་ལྟར་ཁོ་མོས
321b6 བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་སྨྲས་ན། ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ།། བཞམས་ཏེ་བསྒོ་བ་ན་གཞི་དེ་གཏོང་ན་དེ་སྐར་ལེགས། གལ་ཏེ་མི་གཏོང་ན་ཉེས
321b7 བྱས་སོ།། མས་དང་པོ་བརྗོད་པ་སྦས་པ་ནས་གལ་ཏེ་གསོང་འང་སར་ལེགས། གལ་གི་མི་གཅོང་ནི་ཞེས་བྱས་ལ།། ལས་བརྗོད་པ་གཉིས་པ་སྨྲས་པ་མ་རྫོགས་པར་གལ་ཏེ་གཅོང་།
iiif viewer powered by OpenSeadragon
321a - 322a