e-texts navigator
Collection
Volume
Page
Wylie

321a1 སྟ་ན་ལེགས་། གལ་ཏེ་མི་གཏོང་ན་ལན་གཉིས་ལན་གསུམ་དུ་ཡང་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ།། ཞི་དེ་གཏོང་བར་བྱ་བའི་ཕྱིར། ལན
321a2 གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་། ཡང་དག་པར་བསྟན་པ་ན། གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི
321a3 འཆི་ལྟས་སོ།། འདི་སྐད་ཅེས་ཟེར་ན་ཞེས་བྱ་བ་ནི་སྨྲའོ།། དེ་ལྟར་ཁོ་མོས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས།
321a4 པའི་སངས་རྒྱས་སོ།། དེ་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན་པ་ཞེས་བྱ་བ་ནི། དགེ་སྦྱོང་གི་ཚུལ་གྱི་བར་དུ་གཅོད་པ་འདི་ལྟ་སྟེ། ཕས་ཕམ་པར་འགྱུར།
321a5 བའི་ཆོས་བརྒྱད་དང་། དགེ་འདུན་ལྷག་མ་ཉི་ཤུ་དང་། སྤང་བའི་ལྟུང་བྱེད་སུམ་ཅུ་རྩ་གསུམ་དང་། ལུང་བྱེད་བརྒྱ་བརྒྱད་ཅུ་དང་། སོ་སོར་བཤགས་པར་བྱ་བ་བཅུ་གཅིག་དང་། བསླབ་པ།
321a6 མང་པོ་དང་། རྩོད་པ་ཞི་བར་བྱ་བའི་ཆོས་བདུར་ཏེ། ཆོས་མ་ཡིན་པ་འདི་ལ་ཆོས་ཀྱི་སྔར་གསུངས་སོ།། དེ་ལ་སོ་སོར་བསྟེན་ཀྱང་ཞེས་བྱ་བ་ནི། ལྷག་པར་སྤྱད་ནའོ།། བར་དུ་གཅོད་པར་མི
321a7 འགྱུར་ཞེས་བྱ་བ་ནི།། དགེ་སྦྱོང་གི་ཚུལ་གྱི་བར་དུ་གཅོད་པར་མི་འགྱུར་བའོ།། དགེ་སློང་མ་དེ་ལ་ཞེས་བྱ་བ་ནི།། འཆི་ལུས་ལའོ།། དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི། ཆོས་འདི་པ་དག་རྩིས




iiif viewer powered by OpenSeadragon

320b - 321b

Texts on this page

Ty008-002 - dge slong ma'i 'dul ba rnam par 'byed pa