| | e-texts navigator
|
319b1 བུ་མོ་བཞིན་དུ་ཤིན་ཏུ་སྨད་པས་སྤང་བར་བགྱི་ན། ཕུ་ནུ་མོ་གང་དག་དགེ་སློང་མ་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བར་སོང་བ་དེ་གཏོང་དུ་མི་འགྲུབ་པ་ལ་གནས་ནས་དབྱུང་བའི་ལས་བགྱི་བར་བཟོད་པ་དེ་དག་ནི་ཅང
319b2 མ་གསུངས་ཞིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། འདི་ནི་ལས་བརྗོད་པ་དང་པོ་སྟེ། ལན་གཉིས་སུ་ཡང་དོན་འདི་ཉིད་བརྗོད་པར་བྱའོ།། འཕགས་མའི་དགེ་འདུན་དུ་རུ་མོ་དག་བདག་ལ
319b3 གསན་དུ་གསོལ། དགེ་སློང་མ་འཆི་ལྟས་འདི་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན།
319b4 པ་དེ་ལ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར། ཁོ་མོས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་མཆི་བ་དང་། དགེ་འདུན་གྱིས་དགེ་སློང་མ་འཆི་ལྟས་སྡིག
319b5 པ་ཅན་གྱི་ལྟ་བར་སོང་བ་གཏོང་དུ་མི་བཏུབ་པ་ལ་གནས་ནས་དབྱུང་བའི་འཕྲིན་ལས་མཛད་དེ། ཇི་སྲིད་དུ་དགེ་སློང་མ་འཆི་ལས་སྡིག་པ་ཅན་གྱི་ལྦ་བའི་རྣམ་སོང་བ་འདི་ལྟ་བུ་འདི་གཏོང
319b6 མི་བཏུབ་པ་དེ་སྲིད་དུ། འདི་ལ་དགེ་སློང་མ་རྣམས་ཀྱིས་གཏམ་འདྲེ་བར་མི་བགྱི། ཕེབས་པར་སྨྲ་བར་མི་བགྱི། སོ་སོར་ཡང་དག་པར་དགའ་བར་མི་བགྱི་ཞིང་གདོལ་པའི་བུ་མོ
319b7 བཞིན་དུ་ཤིན་ཏུ་སྨད་པས་སྨད་པར་བགྱི་ན། ཕུ་ནུ་མོ་གང་དག་དགེ་སློང་མ་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བར་སོང་བ་དེ་འདོར་དུ་མི་བཏུབ་པ་ལ་གནས་ནས་དབྱུང་བའི་ལས་བགྱི་བར་བཟོད
iiif viewer powered by OpenSeadragon
319a - 320a