| | e-texts navigator
|
317a1 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། དེ་ཁོ་ནར་ལྷན་ཅིག་གནས་པར་བྱ་སྟེ། དེ་ལ་འགྱོད་པར་མི་བྱའོ།། དེ་བཞིན་དུ་དགེ་སློང་མནན་ཡང་དེར་དགེ་ཚུལ་མ་འམ
317a2 ནད་གཡོགས་དག་གནས་པར་བྱ་ཞིང་། སྣང་བ་དང་བཅས་པར་ཡང་གནས་པར་བྱ་སྟེ། དེ་ལ་འགྱོད་པར་མི་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས། དགེ་སློང་མ་རྣམས་བསླབ་པ་འདོད་པ་དང
317a3 བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་གསུངས་ནས། སྔ་མ་ནི་བཅས་པའོ།། འདི་ནི་རྗེས་སུ་གནང་བ་སྟེ། ངའི་ཉན་ཐོས་མ་རྣམས་ཀྱིས
317a4 འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་མ་གང་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ནུབ་གཉིས་ལས་ལྷག་པར་གནས་གཅིག་ཏུ་ཉལ་བར་བྱེད་ན་སུང་བྱེད་དོ།།
317a5 ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། བསྙེན་པར་མ་རྫོགས་པ་དང་ཞེས་བྱ་བ་ལ། བསྙེན་པར་རྫོགས་པ་ནི་གཉིས་ཏེ། དགེ་སློང་དང་དགེ་སློང་མའོ།། ལྷག
317a6 མ་ནི་བསྙེན་པར་མ་རྫོགས་པའོ།། རུབ་གཉིས་ལས་ལྷག་པར་ཞེས་བྱ་བ་ནི་ནུབ་གཉིས་འདས་པར་རོ།། གནས་གཅིག་ཏུ་ཉལ་བར་བྱེད་ན་ཞེས་བྱ་བ་ལ་གནས་བཞི་པོ་དགས་ཉལ་བར་བྱེད་པ་སྟེ།
317a7 ཐམས་ཅད་གཡོགས་ཤིང་ཐམས་ཅད་བསྐོར་བ་དང་། ཐམས་ཅད་གཡོགས་ཤིང་ཕལ་ཆེར་མ་བསྐོར་བ་དང་། ཐམས་ཅད་ཕལ་ཆེར་མ་གཡོགས་ཤིང་ཕལ་ཆེར་མ་བསྐོར་བ་དང་། ཐམས་ཅད་པ
iiif viewer powered by OpenSeadragon
316b - 317b