e-texts navigator
Collection
Volume
Page
Wylie

315a1 པའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི།
315a2 བར་དུ་མཛད་དེ། ཡང་དགེ་སློང་མ་གང་མིན་པར་བདག་ཉིད་ཀྱི་ཕྱིར་བདེ་བར་འདོད་ནས་མེ་སྤོར་རམསྦོར་དུ་འཇུག་ན་ལྟུང་བྱེད་དེ། ཡང་དགེ་སློང་མ་གང་ཞེས་བྱ
315a3 བནི་བཅུ་གཉིས་སྡེ་དག་གོ།། མི་ན་བར་ཞེས་བྱ་བ་ནི་ནད་པ་མ་གཏོགས་པའོ།། བདག་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་རང་གི་ཆེད་དུའོ།། མེ་སྤོར་རམ་ཞེས་བྱ་བ་ནི་མེ་འབུད་པའོ།། བདག་ཉིད་ཀྱིས་ཞེས་བྱ་བ
315a4 ནི་རང་གིས་སོ།། སྒོར་དུ་འཇུག་ན་ཞེས་བྱ་བ་ནི་གཞན་ནོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་བདག་མ་ལེན་ཏམ
315a5 དྲིའི་ཆེད་དུ་མེས་འགེངས་པར་བྱེད་ན། དེས་དུས་བྱིན་གྱིས་བརླབ་པར་བྱའོ།། བྱིན་གྱིས་མ་བརླབས་ན་ལྟུང་བྱེད་དོ།། དེ་བཞིན་དུ་དྲི་དག་དྲིའི་ཆེད་དུ་ལྡུགས་ན་ཡང་སངས་རྒྱས་ཀྱི་ཆེད་ཡིན་ནོ།
315a6 ཞེས་རུས་བྱིན་གྱིས་བརླབ་པར་བྱའོ།། བྱིན་གྱིས་མ་བརླབས་ན་ལྟུང་བྱེད་དོ།། དེ་བཞིན་དུ་མཁན་པོའི་ཕྱིར་ཡང་བྱིན་གྱིས་མ་བརླབས་ན་ལུང་བྱེད་དོ།། དེ་བཞིན་དུ་དགེ་འདུན་གྱི་ཕྱིར་མེ་སྦྱོར་ན། ཇི་ཙམ
315a7 དགོས་པ་མ་རྫོགས་ཀྱི་བར་དུ་དུས་རིང་པོར་བྱིན་གྱིས་བརླབས་པར་བྱའོ།། བྱིན་གྱིས་རློབ་ན་དེ་ལན་ལེགས།། གལ་ཏེ་བྱིན་གྱིས་མི་རློབ་ན་སྲུང་བྱེད་དོ།། ཤིང་རེ་རེ་ནས་འཇུག་ན་ཡང་དུས་བྱིན་གྱིས་བརླབ




iiif viewer powered by OpenSeadragon

314b - 315b

Texts on this page

Ty008-002 - dge slong ma'i 'dul ba rnam par 'byed pa