| | e-texts navigator
|
314a1 ཏེ་འདུག་པ་དང་། དེ་དག་གི་ལྷན་ཅིག་གནས་པ་དང་ཉེ་གནས་རྣམས་ཀྱིས་སྨྲས་པ། འཕགས་མ་དག་གལ་ཏེ་ཟས་གཞན་གྱི་ལགས་ཤེས་ཏེ་གལྟོ་ཡང་གཞན་གྱི་ལགས་སམ།
314a2 ཅི་དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། དེ་རིང་སུས་ཟོས་པ་ཡིན་གྲང་། དེ་དག་གིས་འདི་སྐད་ཅེས། བཤོས་མོ་བཀུམ་གྲང་ཞེས་སྨྲས་པ་དང་། དེ་དག་གིས་སྐབས་དེ་དག་དགེ་སློང་མ་རྣམས་ལ་སྨྲས་པ།
314a3 དང་ནདོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དྲང་ཞེས་བྱ་གནས། བསྒྲུབ་པ་བཅའ་བའི་བར་དུ
314a4 མཛད་དེ། ཡང་དགེ་སློང་མ་གང་ཀླན་ཀ་ཚོལ་བས་ཅི་ནས་ཀྱང་དགེ་སློང་མ་འདི་ལ་ཀླན་ཀ་བཙལ་བར་འགྱུར་རོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ། དགེ་སློང་མ་ལ་འདི་སྐད་ཅེས
314a5 འཕགས་མ་ཁྱོད་ཚུར་ཁྱིམ་དག་ཏུ་བཞུད་དོ།། དེར་ཁྱོད་ལ་བཟའ་བ་དང་བཅའ་བ་བསོད་པ་དག་ཇི་ཙམ་འདོད་པ་སྦྱིན་དུ་གཞུག་གོ་ཞེས་སྨྲས་ན། དེས་དེ་ལ་བཟའ་བ་དང་བཅའ་བ་བསོད་པ་དག
314a6 ཇི་ཙམ་འདོད་པར་སྦྱིན་དུ་མ་བཅུག་པར་དེའི་འོག་ཏུ་འདི་སྐད་ཅེས། འཕགས་མ་ཁྱོད་དང་ཁོ་མོ་ལྷན་ཅིག་སྦ་བ་འམ་འཇུག་པ་བདེ་བ་མ་ཡིན་ནོ།། དེ་ས་མོད་ཀྱི་ཁོ་མོ་གཅིག་པུ་སྨའམ
314a7 འཇུག་ན་བདེས་ཁྱོད་སོང་ཞིག་ཅེས་ཟེར་ན་སྲུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། དགེ་སློང་མ་ལ་ཞེས་བྱ་བའི་བཅོམ་ལྡན་འདས
iiif viewer powered by OpenSeadragon
313b - 314b