| | e-texts navigator
|
313b1 པས་ཕམ་པར་འགྱུར་བས་ཀུན་ནས་བསྲུང་བ་དང་། དགེ་འདུན་ལྷག་མས་ཀུན་ནས་བསླང་བའོ།། འཆབ་ན་ཞེས་བྱ་བ་ནི་གཞན་ལ་མི་སླུ་བའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།།
313b2 དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་དགེ་སློང་མ་ལ་ཕས་ཕམ་པར་འགྱུར་བས་ཀུན་ནས་བསླང་བའི་ལྟུང་བ་བྱུང་བ་མཐོང་ལ། དེའི་དེ་བཅབ་པར་སེམས་བསྐྱེད་ན་ལྟུང་བྱེད་དོ།། རེ
313b3 བཞིན་དུ་དགེ་འདུན་ལྷག་མ་དང་། དེ་བཞིན་དུ་ལྟུང་བྱེད་དང་། སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་ལ་ནི་ཉེས་བྱས་སོ།། གལ་ཏེ་འཐབ་མོར་གྱུར་ན་ལྟུང་བ་མེད་དོ།། ལྟུང་བྱེད་བཞི་པའི་གསུམ
313b4 པརྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་བཅུ་གཉིས་སྡེ་རྣམས་ཀྱིས་བསམས་པ། ཚེམ་བུ་པ་ལྷུང་བཟེད་ནག་པོ་ཅན་འདི་དག་གིས་ཁོ་བོ་ཅག་དགེ་སློང་མ
313b5 རྣམས་ཀྱིས་བདུན་དུ་མཐོ་བཙམས་ན། ཁོ་བོ་ཅག་གིས་འདི་དག་ལ་གནོད་པ་ཅི་ཞིག་བྱ་སྐམ་མོ།། དེ་ནས་སྦོམ་དགའ་མོ་དང་གཙུག་དགའ་མོས་འདི་སྐད་ཅེས་སྨྲས་སོ།། ལན་དུ་མཐོ་བ་ཙམ་པར་བྱ
313b6 བས་སྐྲའོ་ཞེས།། དེ་དག་གིས་དགེ་སློང་མ་རྒན་མོ་རྣམས་སྲང་དང་། སུམ་མདོ་དང་། བཞི་མདོ་རྣམས་སུ་མགྲོན་དུ་བོས་ནས། ཇི་སྲིད་ཀྱིས་ཟན་འཆད་པ་དེ་སྲིད་འཁྱམ་དུ་བཅུག་གོ།། བཅུ་གཉིས་།
313b7 རྣམས་ཀྱིས་ནི་གཉིས་ཤིང་གཉིས་ཤིང་གསང་ནས། བྲམ་ཟེ་དང་ཁྱིམ་བདག་གིས་ཁྱིམ་རྣམས་སུ་སོང་སྟེ་བསོད་སྙོམས་ཟོས་སོ།། དེ་ནས་དགེ་སློང་མ་རྒན་མོ་རྒན་དེ་དག་དབྱར་ཁང་དུ་འོངས་ནས་འཕྲེས
iiif viewer powered by OpenSeadragon
313a - 314a