e-texts navigator
Collection
Volume
Page
Wylie

313a1 རངས་ནས།། དགེ་སློང་མ་ལ་བརྡེག་པར་གཟས་ནས། ཋ་ན་ཐལ་མོས་ཀྱང་རུང་སྟེ་ལུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། གཞན་ནི་སྔ་མ
313a2 བཞིན་ནོ།། ཁྱད་པར་ནི་འདི་ཡོད་དེ། གཟས་ན་ཞེས་བྱ་བ་ནི་གདེངས་ནས་མ་བརྒྱབ་པའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དེ་ཁོ་ན་བཞིན་དུ་སྲུ
313a3 བའི་རིམ་པ་བརྗོད་པར་བྱ་སྟེ། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་མ་ལ་གཟས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཞི་པའི་གཉིས་པ་རྫོགས་སོ།། ། དགེ་སློང
313a4 མའི་འདུལ་བ་རྣམ་པར་འབྱེད་པ།། ། བམ་པོ་བཅུ་དགུ་པ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་བཅུ་གཉིས་སྡེ་རྣམས་གནས་ངན་ལེན་གྱི་ལྟུང་བ་བྱུང་།
313a5 ནས་ཕན་ཚུན་འཆབ་པར་བྱེད་ཅིང་།། དེ་དག་འཐབ་པ་དང་མཚང་འདྲུ་བར་བྱེད་ཅིང་། ཕན་ཚུན་དུ་གཞི་དེས་གླེང་བར་བྱེད་པ་དེ་དག། དོན་ཉུང་བའི་དགེ་སློང་མ་རྣམས་ཀྱིས་ཐོས་ནས་སྨོད་པར་བྱེད་པའི་སྐབས
313a6 དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཤེས་བཞིན་དུ་དགེ
313a7 སློང་མའི་གནས་ངན་ལེན་གྱི་སྲུང་བ་འཆབ་ན་ལུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། གནས་ངན་ལེན་ཞེས་བྱ་བ་ནི་གནས་ངན་ལེ་གཉིས་སོ




iiif viewer powered by OpenSeadragon

312b - 313b

Texts on this page

Ty008-002 - dge slong ma'i 'dul ba rnam par 'byed pa