| | e-texts navigator
|
312a1 འགྱུར་རོ།། ལྟུང་བྱེད་གསུམ་པའི་བཅུ་གཉིས་པ་རྫོགས་སོ།། ། སྡོམ་ནི།། རྡེག་པ་དང་ནི་ཐལ་མོ་དང་། གནས་ངན་ལེན་འཆབ་ཁྱིམ་དང་མེ།། འདུན།
312a2 པ་དང་ནི་ནུབ་གཉིས་དང་། བར་ཆད་དང་ནི་ཤེས་བཞིན་དང་། དགེ་ཚུལ་མ་གཉིས་དང་བཅས་སོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོ་དགེ་སློང་མ་རྣམས
312a3 དང་ལྷན་ཅིག་འཐབ་མོ་དང་མཚང་འདྲུ་བར་བྱེད་དོ།། བུད་མེད་ནི་རང་བཞིན་གྱིས་ཁྲོ་བ་ཡིན་པས། དེ་རང་བཞིན་གྱིས་ཁྲོས་པས། ཁྲོས་འཁྲུགས་རྔམ་པར་གྱུར་ནས་དགེ་སློང་མ་རྣམས་ལ་ལྷག
312a4 དབྱུག་དང་ཐལ་ལྕག་གིས་བརྡེགས་པ་དང་། དོན་རུང་བའི་དགེ་སློང་མ་རྣམས་སྤྱོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས
312a5 བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡི་མ་རངས་ནས། དགེ་སློང་མ་ལ་རྡེག་ན་ལྟུང་བྱེད་དོ།།
312a6 ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཁྲོས་ཞེས་བྱ་བ་ནི་ཀུན་ནས་བཀྲིས་པའོ།། འཁྲུགས་རྔམ་པར་གྱུར་ཏེ་ཞེས་བྱ་བ་ནི་སྐྲག་པར་ཞེན་ནས་སོ།། ཡིད་མ་རངས་ནས་ཞེས་བྱ
312a7 བ་ནས་ཡིད་མི་བདེ་བ་ཞེས་པའོ།། དགེ་སློང་མ་ལ་ཞེས་བྱ་བ་ནི་ཆོས་འདི་པ་ལའོ།། རྡེག་ན་ཞེས་བྱ་བ་ནི་སེར་མོ་ལྔས་རྡེག་ནའོ།། ལུང་བྱེད་དོ་ཞེས་བྱ་བ་འིནི་གོང་མ་བཞིན་ནོ།། དེལ།
iiif viewer powered by OpenSeadragon
311b - 312b