e-texts navigator
Collection
Volume
Page
Wylie

311b1 གཡུལ་བ་ཤམས་པ་དང་། རྒྱལ་མཚན་གྱི་མཆོག་དང་། དཔུང་གི་མཆོག་གི་ནང་དུ་དོང་བ་དང་། དགེ་སློང་མ་དེ་རྣམས་ཀྱིས་སྨྲས་པ། ཀྵེ་ཕུ་ནུ་མོ་དག་བསྒྲུབ་པའི་གཞི་བཅའ་བ་ས་མཛད་དན།
311b2 དེ་དག་གིས་འདི་སྐད་ཅེས། དགེ་སློང་རྣམས་ལ་བཅའ་བ་མཛད་ཀྱི། དགེ་སློང་མ་རྣམས་ལ་ནི་མ་ཡིན་ནོ་ཞེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ།
311b3 བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་གལ་ཏེ་དགེ་སློང་མ་དམག
311b4 དེའི་ནང་དུ་ཞག་གཉིས་གནས་པ་ན་གཡུལ་བཤམས་པ་དང་། རྒྱལ་མཚན་གྱི་མཆོག་དང་། དཔུང་གི་མཆོག་དང་། དཔུང་བཀོད་པའི་ཚོགས་ལ་ལྟ་བ་སོ་སོར་ཉམས་སུ་མྱོང་བར་བྱེད།
311b5 ནན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞིག་ཅེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། བཀོད་པའི་ཚོགས་ལ་བལྟ་བ་ཞེས་བྱ་བ་ལ། བཀོད་པ་ཞེས་བྱ་བ་ནི་ཤིང་རྟའི་དབྱིབས་ལྟ་བུ
311b6 དང་། ནམ་མཁའ་ལྡིང་གི་འདབ་མའི་དབྱིབས་ལྟ་བུ་དང་། འབྲུའི་ཁ་ལྟ་བུ་དང་། པདྨའི་དབྱིབས་ལྟ་བུ་དང་། ཟླ་བ་ཁམ་པའི་དབྱིབས་ལྟ་བུའོ།། ཚོགས་ཞེས་བྱ་བ་ནི་དཔུང་གི་མཆོག་དག།
311b7 གོ།། སྲུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་སྲུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་གཡུལ་བ་ཤམས་པའི་ནང་དུ་འགྲོ་ན་ཐམས་ཅད་སུ་སྤང་བྱེད་ས།




iiif viewer powered by OpenSeadragon

311a - 312a

Texts on this page

Ty008-002 - dge slong ma'i 'dul ba rnam par 'byed pa